དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་ཀྱི་ལྕགས་ལམ་ལམ་རྒྱུད་ཀྱི་ཟོག་འགྲེམས་ཡུལ་སྐོར་སྐུལ་སྤེལ་ཚོགས་ཆེན་ཐེ་ལན་དུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-11

    ཉིན་ཤས་གོང་། ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་ཀྱི་ལྕགས་ལམ་ལམ་རྒྱུད་ཀྱི་ཟོག་འགྲེམས་ཡུལ་སྐོར་སྐུལ་སྤེལ་ཚོགས་ཆེན་ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་ཀྱི་ལྕགས་ལམ་གྱི་སྦྲེལ་ཚིགས་གལ་ཆེན་ཡིན་པའི་གྲོང་ཁྱེར་ཐེ་ལན་ཁུང་ཅིང་དུ་འཚོགས་པ་རེད། ཀྲུང་གོ་དང་། ཐེ་ལན། ལོ་སི། མ་ལེ་ཞི་ཡ་སོགས་རྒྱལ་ཁབ་ཀྱི་འཐུས་མི་300ལྷག་ཙམ་ཚོགས་འདུར་ཞུགས་ཡོད། ཚོགས་ཆེན་དེ་ཁུང་ཅིང་དུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གིས་གཙོ་གཉེར་བྱས་པ་དང་། ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་ཕྱི་དོན་གཞུང་ལས་ཁང་གིས་རོགས་གཉེར་བྱས་པ། ཐེ་ལན་མེ་ཀུང་སློབ་གླིང་གིས་སྒྲུབ་འགན་འཁུར་ཡོད།

    2021ལོའི་ཟླ་12པར། ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དངོས་སུ་ཤར་གཏོང་ཐུབ་ནས་2022ལོའི་ཟླ་7པར་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་དུ་ཐད་ཀར་སྐྱེལ་འདྲེན་བྱེད་འགོ་ཚུགས་ཡོད། ལོ་མང་རིང་མཉམ་ལས་སྐུལ་སྤེལ་བྱས་པ་བརྒྱུད། ཀྲུང་གོ་དང་། ལོ་སི། ཐེ་ལན་བཅས་རྒྱལ་ཁབ་གསུམ་གྱིས་རྒྱལ་མཚམས་སྒྲོལ་བའི་ལྕགས་ལམ་གྱི་སྦྲེལ་མཐུད་རྨང་གཞི་བསྐྲུན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།