དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • “ལིན་ཅ་ཨང་7པའི་ཧྲ་ལུང”ཐོག་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཀྱི་གྲུབ་འབྲས་གླེང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-11

    ཉེ་ཆར། ཀྲུང་གོའི་སྤྱི་པའི་ཕྱི་འབྲེལ་མཐུན་ཚོགས་ཀྱིས་པེ་ཅིང་དུ“ལིན་ཅ་ཨང་7པའི་ཧྲ་ལུང”གི་ཆེད་དོན་བརྡ་གཏོང་ཚོགས་འདུ་འཚོགས་པ་རེད། ཕྱི་འབྲེལ་པུའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཀྲུང་གོ་ཕྱོགས་ཀྱི་རྒྱལ་ཁབ་མཐུན་སྦྱོར་པའི་ལས་དོན་གྱི་འགན་འཁུར་མཁན་གཞུང་ཚབ་པ་ཧྥན་ཤན་རུང་གིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུ་ཚོགས་ཀྱི་གྲུབ་འབྲས་སོགས་ལ་དམིགས་ནས་བརྗོད་དོན་གཙོ་བོའི་གཏམ་བཤད་སྤེལ་བ་དང་འབྲེལ་ཀྲུང་གོ་དང་ཕྱི་རྒྱལ་གྱི་གསར་འགོད་པ་དང་སྤེལ་རེས་གནང་བ་རེད།

    ཧྥན་ཤན་རུང་གིས། ཐེན་ཅིན་གྱི་དབུ་ཚོགས་ནི་མཛའ་གྲོགས་དང་མཐུན་སྒྲིལ་ལྡན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་དབུ་ཚོགས་ཤིག་རེད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་ནི་ཐེན་ཅིན་དབུ་ཚོགས་ཀྱི་བཀྲག་མདངས་ཆེ་ཤོས་དེ་རེད། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གྲོས་འགོ་དེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཡོངས་ཁྱབ་རེ་འདུན་དང་མཐུན་པ་དང་དེང་སྐབས་འཛམ་གླིང་གི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་དང་མཐུན་པས། གྲོས་འགོ་དེ་བཏོན་གནང་མ་ཐག་ཚོགས་ཞུགས་རྒྱལ་ཁབ་ཁག་གི་འགོ་ཁྲིད་པ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བའི་དགའ་བསུ་དང་རྒྱབ་སྐྱོར་ཐོབ་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་ཐོབ་རྒྱུ་མ་ཟད། དེ་བས་ཁས་ལེན་རྒྱ་ཁྱབ་ཐོབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།