2024ལོར་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཐད་ཀར་མ་འཇོག་བྱེད་ཚད་དུས་མཚུངས་ལས་བཅུ་ཆ་གཉིས་ལྷག་ཙམ་འཕར་བ།
ཤིན་ཧྭ་གསར་འགྱུར་ཁང་ཞ་མོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པ་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་དུ་འགོ་ཚུགས་ཤིང་། ཉིན་དེར་འཚོགས་པའི་ཕྱི་ཕྱོགས་མ་འཇོག་ཆེད་དོན་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། 2024ལོར་རང་རྒྱལ་གྱིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཐད་ཀར་ཨ་སྒོར་དུང་ཕྱུར་509.9བཏང་བ་དེ་ལོ་གོང་མ་ལས་22.9%འཕར་ཡོད།
ཉིན་དེར། ཚོང་དོན་པུའུ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་བཅས་ཀྱིས《2024ལོའི་ཀྲུང་གོས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱས་པའི་བསྡོམས་རྩིས་སྤྱི་བསྒྲགས》མཉམ་དུ་ཡོངས་བསྒྲགས་བྱས་ཤིང་། སྤྱི་བསྒྲགས་ལས་མངོན་པར། 2024ལོའི་ལོ་མཇུག་བར་རང་རྒྱལ་གྱི་རྒྱལ་ནང་གི་མ་འཇོག་མཁན་གྱིས་གོ་ལ་ཧྲིལ་པོའི་རྒྱལ་ཁབ་དང་ས་ཁུལ་190རུ་བསྡོམས་རྒྱལ་ཕྱིའི་ཁེ་ལས་ཁྲི་5.2བཙུཌ་པའི་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཏུ་རྒྱལ་ཕྱིའི་ཁེ་ལས་ཁྲི་1.9བཙུགས་ཡོད།
སྤྱི་བསྒྲགས་ནང་བསྟན་དོན། 2024ལོར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཨ་སྒོར་དུང་ཕྱུར་1922ཟིན་པ་དེ་དུས་མཚུངས་ལས་8.4%འཕར་བ་དང་། ན་ནིང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ལ་ཐད་ཀར་མ་འཇོག་བྱེད་ཚད་ཀྱིས་ལོ་དེའི་ཕྱི་ཕྱོགས་ལ་ཐད་ཀར་མ་འཇོག་བྱེད་ཚད་ཀྱི་26.5%བཟུང་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད།
འབྲེལ་ཡོད་གསར་འགྱུར།