དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཀྱི་ཐོན་རྫས་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་ལྔ་པར་སྟོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-11

    ཚེས་8ཉིན“ཀྲུང་གོ་དང་ལག་གདང་སྦྲེལ་ནས་མ་འོངས་པར་མ་འཇོག་བྱེད”ཅེས་པ་ལོ་འཁོར་གྱི་བརྗོད་དོན་གཙོ་བོར་བྱས་པའི་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ(གཤམ་དུ“མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ”ཞེས་བསྡུ་རྒྱུ)ཧྥུའུ་ཅན་གྱི་ཞ་མོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འགོ་ཚུགས་པ་རེད། བོད་ཀྱིས་ཚོགས་པ་སྒྲིག་འཛུགས་བྱས་ནས་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་ཏེ་ནས་ཀྱི་ཐོན་རྫས་དང་། ཨ་བི་ཁ། སྤོས། དབྱར་རྩྭ་དགུན་འབུ། རྒུན་ཆང་། སྟར་སྣུམ་སོགས་ས་མཐོའི་ཁྱད་ལྡན་ཐོན་རྫས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་རེད།

    “བོད་ལྗོངས་འགྲེམས་ཁང་གི་འགྲེམས་རྫས་ནི་ས་མཐོའི་སྐྱེ་ལྡན་དང་གདོད་མའི་སྐྱེ་ཁམས་ཐོན་རྫས་གཙོ་བོ་རེད་འདུག་པ་དེ་དེང་རབས་མིས་བདེ་ཐང་དང་ལྗང་མདོག་འཚོ་བ་དོན་གཉེར་བྱེད་པ་དང་ཧ་ཅང་འཚམ་པོ་འདུག་པས། ང་ལ་བག་ཆགས་ཟབ་མོ་བཞག་བྱུང” ཞེས་དང་བོད་དང་ཧའེ་ནན་དབར་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད་པས། སླད་ཕྱིན་བོད་ཀྱི་ཐོན་རྫས་ཡག་པོ་ཧའེ་ནན་དུ་ནང་འདྲེན་བྱས་ནས་ཐོན་ཁུངས་མཉམ་སྤྱོད་དང་ཁྲོམ་ར་གཉིས་ཁེ་ཡོང་བའི་རེ་བ་ཡོད་ཅེས་ལྟ་སྐོར་ལ་ཡོང་བའི་ཚའེ་ཀྲི་ལང་མཁོ་སྤྲོད་འཁོར་འབྲེལ(ཧའེ་ནན)གྱི་སྤྱི་ཁྱབ་ཅིང་ལི་ཝང་ཅན་ཕོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།