དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2025-09-11

    ཉིན་ཤས་བསྟུད་མར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། ཚང་མས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གནང་བའི་ཁ་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་ཀྱིས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་དང་མེས་རྒྱལ་མངའ་ཁོངས་ཀྱི་རྩྭ་རྩི་ཤིང་ཚུན་ཆད་སྲུང་སྐྱོང་ཡག་པོ་བྱས་ཏེ། ནམ་ཡང་ལྷོད་གཡེང་མི་བྱེད་པའི་བསམ་པའི་ཉམས་འགྱུར་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་དང་མུ་མཐུད་འབད་བརྩོན་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་རྒྱུན་མཐུད་དམ་འཛིན་ཡག་པོ་བྱས་ཏེ། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཧུར་ཐག་སྐྲུན་དགོས་ཞེས་ནན་བཤད་གནང་ཡོད།

    ལྷུན་རྩེ་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་པ་སངས་ཚེ་རིང་གིས“ང་ཚོས་བརྟན་ལྷིང་སྲུང་སྐྱོང་ཐད་མཐའ་ཚད་བརྟན་སྲུང་གིས་ཏང་སྲིད་དམག་ཉེན་དམངས་བཅས་ཀྱི་གོང་བུ་འགྲིལ་ཤུགས་ལ་བརྟེན་ནས་མཐའ་སྟོབས་མཐའ་བརྟན་ལ་སྐུལ་འདེད་གཏོང་བ་དང་། མཐའ་མཚམས་བཅོས་སྐྱོང་གི་ཕན་འབྲས་ཆེ་རུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བརྗོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། གྲོང་ཁྱེར་གྲོང་རྡལ་དཔེ་གསར་ཅན་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ལས་ཞུགས་དང་། སློབ་གསོ། སྨན་བཅོས་འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་། རྒན་གསོ། བུ་བཅོལ་སོགས་ཀྱི་དམངས་འཚོའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་དགོས།

    དེའི་ཐད་ལྷུན་རྩེ་རྫོང་རྩ་རི་གྲོང་རྡལ་གྱི་མང་ཚོགས་པ་སངས་རྒྱ་མཚོར་མྱོང་ཚོར་ཟབ་མོ་བྱུང་ཡོད། ཉེ་བའི་ལོ་ཤས་རིང་། རྩ་རི་གྲོང་རྡལ་ལ་དབྱར་མཚོ་རྒྱས་པ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། པ་སངས་རྒྱ་མཚོས་གྲོང་རྡལ་ཡོངས་ཀྱི་སྐྲ་བཞར་ཁང་དང་པོ་དང་སེན་མོ་མཛེས་བཟོ་ཁང་དང་པོ་དེ་བཙུགས་ཡོད། དེ་དང་ཆབས་ཅིག་ཁོང་གིས་ད་དུང་དྲ་རྒྱའི་ལས་སྟེགས་བརྒྱུད། བརྙན་ཐུང་དང་ཐད་གཏོང་བྱེད་སྟངས་ཐོག་ནས་རྒྱ་ཆེའི་དྲ་གྲོགས་ལ་ཕ་ཡུལ་གྱི་མཛེས་ལྗོངས་དང་ཁྱད་ལྡན་ཐོན་རྫས་ངོ་སྤྲོད་བྱེད་ཀྱི་ཡོད། “ད་ལྟ་ང་ཚོའི་འདི་གར་དྲ་རྒྱ་དང་། འགྲིམ་འགྲུལ། ཟོག་འགྲེམས་བཅས་ཚང་མ་ཧ་ཅང་སྟབས་བདེ་ཡོད་པ་དང་ལས་གཏོད་ལ་མཁོ་བའི་སྒྲིག་ཆས་མང་པོ་ཞིག་དྲ་རྒྱའི་ཉོ་སྒྲུབ་ལས་སྟེགས་བརྒྱུད་ཉོ་ཆོག་པས་གོང་ཁེ་ལ་སྟབས་བདེ་པོ་འདུག”ཅེས་པ་སངས་རྒྱ་མཚོས་བརྗོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས‘བོད་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས”ཞེས་ནན་བཤད་གནང་ཡོད། སྐད་ཆ་འདིར་ང་ལ་མྱོང་ཚོར་ཟབ་མོ་བྱུང”ཞེས་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་པ་ཉིང་ཡུས་ཁྲེན་གྱིས་བརྗོད་པ་དང་། ཁོང་གིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ནི་མང་ཚོགས་སེམས་ནང་གི“རྒྱུན་ལྗང་ལྗོན་ཤིང”སྲུང་སྐྱོང་བྱས་ནས་ཏང་འཛུགས་སྐྱོང་གི་གྲུབ་འབྲས་དེ་དམངས་འཚོའི་བདེ་རྩར་ཏན་ཏན་ཏིག་ཏིག་ཏུ་འགྱུར་བར་བྱེད་རྒྱུ་དེ་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།