དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོར་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    ཉེ་ཆར། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོར་དམིགས་བསལ་དང་དོན་སྙིང་ལྡན་པའི་ཚོགས་འདུ་ཞིག་གྲོང་ཚོའི་ཏང་ཀྲི་པུའི་རིག་གནས་ཁང་དུ་འཚོགས་པ་རེད། གྲོང་ཚོའི་ལས་བྱེད་པས་ཡུལ་མི་ཚོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པར་ཡུལ་མི་ཚོས་ནན་ཏན་ངང་ཉན་རྗེས་ཚོགས་ར་ཡོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་མ་ཟད། ཚང་མར་སྐུལ་མ་ཆེན་པོ་ཐེབས་ནས་ལས་ཀ་བྱེད་སེམས་ཀྱང་ཇེ་ཆེར་སོང་ཡོད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས། ང་ཚོ་ཡུལ་མི་ཚང་མར་དྲོ་སྐྱིད་ཚོར་ལ་སྐུལ་མ་ཡང་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ཐོག་མཐའ་བར་གསུམ་དུ་བོད་ཀྱི་འཕེལ་རྒྱས་དང་ས་མཐོའི་མང་ཚོགས་ལ་ཐུགས་ཁུར་ཟབ་བཞེས་གནང་གི་ཡོད། ཁོང་གི་མངགས་བཅོལ་དང་ཐུགས་རེ་ཟབ་མོ་ལས་ང་ཚོར་བསམ་པའི་སྒུལ་ཤུཌ་ཆེན་པོ་སྦྱིན་བྱུང”ཞེས་ཡུལ་མི་བསམ་ཀུན་གྱིས་བརྩེ་བ་ཟབ་མོས་བརྗོད།

    བསམ་ཀུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྔོན་ཆད། སྐམ་ཐོག་གྲོང་ཚོའི་མང་ཚོགས་རྣམས་ཐོག་དཔངས་དམའ་བའི་སོ་ཕག་ཁང་པར་སྡོད་ཀྱི་ཡོད་པ་དང་། གྲོང་ཚོའི་ལམ་ནི་དབྱར་ཁ་འདམ་རྫབ་དང་དགུན་ཁ་ཐལ་རྡུལ་གྱིས་ཁེངས་པ། འཐུང་ཆུར་མཚོན་ནའང་ཐག་རིང་གཙང་འགྲམ་ནས་ལེན་པར་འགྲོ་དགོས་ཀྱི་ཡོད། འོན་ཀྱང་ད་ཆ་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག གྲོང་ཚོ་ཡོངས་ཀྱི་ཁང་པ་གསར་རྐྱང་དུ་གྱུར་ནས་གཙང་སྦྲ་དོད་ཅིང་མིག་ལ་མཛེས་པ་དང་། ཁང་པའི་ནང་དྲོ་ལ་དཀར་ཆ་དོད་པ། ཨར་འདམ་ལམ་ཁྱིམ་གྱི་སྒོ་རྩར་བཏིངས་ཡོད་པ། ཆུ་ཀ་ལ་ཁྲིད་པ། ནད་བསྟེན་པ་དང་སློབ་གྲྭར་འགྲོ་བ་སོགས་ཧ་ཅང་སྟབས་བདེ་བས། འཚོ་བའི་ཆ་རྐྱེན་ཇེ་བཟང་ཇེ་ལེགས་སུ་འགྲོ་བཞིན་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། སྐམ་ཐོག་གྲོང་ཚོས་རང་ངོས་ཀྱི་ཁྱད་ལྡན་ཐོན་ཁུངས་ལ་གཞི་ཚུགས་ནས་རིག་གནས་དང་། དམངས་སྲོལ། ཐོན་ལས། ལུས་གསོ་བཅས་ཀྱི་གཞི་རྒྱུ་མཉམ་འདྲེས་བྱས་ཏེ་འཁོར་གཏོང་ཡུལ་སྐོར་དང་། ཞིབ་སྦྱོང་། སྤྲོ་གསེང་། སྐྱེ་ཁམས། ལྟ་སྐོར་སོགས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཡོད། 2024ལོར་སྐམ་ཐོག་གྲོང་ཚོས་ཡུལ་སྐོར་བར་སྣེ་ལེན་ཞུས་པའི་མི་གྲངས་ཤུགས་ཆེན་འཕར་ནས་མི་ཐེངས་7603ཟིན་ཡོད། “མིག་མཐོང་ལག་ཟིན་གྱི་འགྱུར་ལྡོག་དེ་དག་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད་ལ། སྐམ་ཐོག་གི་ཡུལ་མི་མི་རབས་མང་པོའི་ཐུན་མོང་འབད་བརྩོན་དང་དེ་བས་ཁ་འབྲལ་ཐབས་མེད”ཅེས་ལོ་འདི་དག་ནང་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས། སྐམ་ཐོག་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ངག་དབང་རྒྱལ་མཚན་གྱིས་སེམས་ཀྱི་སྤྲོ་སྣང་ལྷུག་པོར་བརྗོད་པ་དང་། ཁོང་གིས། “གྲོང་ཚོ་ཡོངས་ཀྱི་ཏང་ཡོན་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཡུལ་བབ་དང་བསྟུན་ནས་གསར་བརྗེའི་རིག་གནས་ཡུལ་སྐོར་ཐོན་ཁུངས་དག་ཡུལ་འདི་གའི་སྐྱེ་ཁམས་ཐོན་ཁུངས་དང་རིག་གནས་ཡུལ་སྐོར་ཐོན་ཁུངས་གཞན་དག་དང་བསྡུ་སྒྲིལ་མཉམ་འགུལ་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ། ཡུལ་སྐོར་ཞབས་ཞུའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ཡུལ་མི་དེ་བས་མང་བར་ཡུལ་སྐོར་དང་སྐྱེ་ཁམས་ཀྱི་ཡོང་འབབ་རག་པར་བྱེད་ཀྱི་ཡིན”ཞེས་བློ་རྩ་བརྟན་པོས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།