དབུ་ཤོག>གསར་འགྱུར།>དམངས་འཚོ།
  • མལ་གྲོ་གུང་དཀར་རྫོང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དང་འཛད་སྤྱོད་འཛིན་ཤོག་སྤྲད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-10

    ཉེ་ཆར། མལ་གྲོ་གུང་དཀར་རྫོང་དམངས་སྲིད་དང་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱིས་དམངས་ཕན་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ནས། ཁོངས་གཏོགས་ཁུལ་གྱི་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པ་དང་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་གི་དབང་སྐྱོན་ཚབས་ཆེན་སོགས་དཀའ་ངལ་ཡོད་པའི་ཚོགས་སྤྱིར་དམིགས་ཏེ། ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དང་འཛད་སྤྱོད་འཛིན་ཤོག་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་བྱེད་སྒོར《དཀའ་ངལ་ཡོད་པའི་མང་ཚོགས་ལ་ཐེངས་གཅིག་རང་བཞིན་གྱི་འཚོ་བའི་ཁ་གསབ་དང་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་གི་བརྡ་ཐོའི》(བོད་དམངས་སྤེལ〔2025〕

    ཡིག་ཨང་106པ)བླང་བྱར་ནན་པོ་གཞིགས་པ་དང་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཡོད། མང་ཚོགས་ཁག་གཅིག་འགྲོ་སྐྱོད་སྟབས་བདེ་མེད་པ་དང་འཛིན་ཤོག་ལེན་དཀའ་བའི་གནད་དོན་ལ་དམིགས་ནས། ལས་དོན་པས“གྲོང་ཚོ་གྲོང་ལྷན་གྱིས་ཚབ་ལེན་དང་འཛིན་ཤོག་སྒོ་རྩར་སྐྱེལ་བ་ཟུང་དུ་འབྲེལ་བའི”ཞབས་འདེགས་ཞུས་ནས། ཁྱིམ་ཚང་རེ་རེའི་སྒོ་རྩར་ཁ་གསབ་དངུལ་དང་འཛད་སྤྱོད་འཛིན་ཤོག་བསྐྱལ་ནས་མི་གཅིག་ཀྱང་མ་ལུས་པར་བྱས་ཡོད།

    བསྡོམས་རྩིས་ལ་གཞིགས་ན། ད་ཐེངས་དཀའ་ངལ་ཡོད་པའི་མང་ཚོགས་370ལ་རིམ་རྩིས་བརྒྱབ་ན་མ་དངུལ་བསྡོམས་འབོར་སྒོར་ཁྲི་37སྤྲད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།