དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྣུམ་འདྲེན-20Aཡི་གནམ་གྲུའི་འགོ་འཛིན་ཐན་ཧུང་མེ།

    ང་ཚོ་ཐུན་མོང་གི་མིང་ལ་འཐབ་འཛིང་པ་ཟེར།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-10

    འདི་ནི་ཐན་ཧུང་མེ་ཡིན་པ།

    ཟླ་9ཚེས་3ཉིན་གྱི་དམག་གཟིགས་མཛད་སྒོའི་ཐོག སྣུམ་འདྲེན-20Aཡི་གནམ་གྲུ་གསུམ་གནམ་བདེ་སྒོ་མོ་ཆེའི་མཁའ་དབྱིངས་སུ་འཕུར་ནས་འབར་གཏོར-6Nདང་། རྒོལ་གཏོར-16 རྒོལ་གཏོར-20བཅས་ཀྱི་གནམ་གྲུར་དུས་དང་རྣམ་པ་ཀུན་ཏུ་སྣུམ་བླུག་རྒྱུའི་གྲ་སྒྲིག་བྱས་ཤིང་། དེ་གར་ཡོད་པའི་མི་རྣམས་ཀྱིས་དགའ་འབོད་ཡང་ཡང་བྱས།

    དེའི་ནང་གི་སྣུམ་འདྲེན-20Aཡི་གནམ་གྲུ་གཏོང་མཁན་གྱི་འགོ་འཛིན་གཅིག་ནི་དབུས་རྒྱུད་དམག་ཁུལ་མཁའ་དམག་དཔུང་སྡེ་ཞིག་གི་བབ་བརླིང་ལྡན་པའི་འཕུར་སྐྱོད་པ་ཐན་ཧུང་མེ་ཡིན་པ་རེད།

    རང་རྒྱལ་གྱིས་བཟོས་པའི་སྣུམ་སྣོན་གནམ་གྲུ་ཆེ་གྲས་ཀྱིས་ཀྲུང་གོའི་དམག་འཐབ་གནམ་གྲུ་འཕུར་སྐྱོད་བྱེད་པར་འདེགས་སྐྱོར་བྱེད་ཅིང་། སྣུམ་འདྲེན-20Aཡི་གནམ་གྲུ་ནི་རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་མཁའ་ཐོག་སྣུམ་སྣོན་སྒྲིག་ཆས་རབས་གསར་པ་ཞིག་ཡིན་པ་དེས་མཁའ་སྐྱོད་དམག་དཔུང་གི་དམག་འཐབ་དང་། རྒྱུན་གཏན་གྱི་སྦྱོང་བརྡར། ནང་སྦྱོང་གི་ལས་འགན་བཅས་ལ་འགན་སྲུང་བྱེད་ཀྱི་ཡོད་པ་རེད། “ང་ཚོ་ཐུན་མོང་གི་མིང་ལ་འཐབ་འཛིང་པ་ཟེར”ཞེས་ཐན་ཧུང་མེ་ཡིས་བརྗོད།

    མཁའ་འཕེན་འགྲན་བསྡུར་ཞིག་རིང་། འགོ་འཛིན་ཁོང་གིས་རུ་སྣེ་ཁྲིད་དེ་འགྲན་བསྡུར་ལ་ཞུགས་ནས་ཨང་དང་པོ་བླངས། དམག་དཔུང་གིས་གནམ་གྲུ་གསར་པ་བརྗེ་སྐབས་ཁོང་གིས་སྦྱོང་བརྡར་ཧུར་ཐག་བྱས་པས་མགྱོགས་མྱུར་དམག་འཐབ་གནམ་གྲུ་རིགས་ཤིག་གི་གནམ་གྲུའི་འགོ་འཛིན་དང་འཕུར་སྐྱོད་དགེ་རྒན་ལ་གྱུར། ད་ལོའི་དམག་གཟིགས་ལས་འགན་ནང་ཞུགས་ཆེད་ཁོང་གིས་སྦྱོང་བརྡར་ཧུར་ཐག་བྱས་པས་སྦྱངས་འབྲས་མདུན་གྲལ་དུ་སླེབས་ཡོད།

    འཕུར་སྐྱོད་ནི་དཔའ་ངར་ཆེ་བའི་བྱ་གཞག་ཅིག་རེད། ཐེངས་ཤིག་གནམ་གྲུའི་འགོ་འཛིན་ཡིན་པའི་ཐན་ཧུང་མེ་ཡིས་གནམ་གྲུ་གཏོང་སྐབས་གནམ་གཤིས་ངན་པ་བསྟན་ནས་གནམ་གྲུར་ཡོམ་འགུལ་ཆེན་པོ་ཐེབས། འགག་རྩའི་དུས་སུ་ཁོང་གིས་འཕྲུལ་ཚན་ཁོངས་མིའི་སྣེ་ཁྲིད་དེ་སྟབས་བསྟུན་ངང་ཁ་གཏད་བཅག་ནས་གནམ་གྲུ་ས་སྟེང་དུ་བརྟན་པོའི་ངང་བབས།

    ཐན་ཧུང་མེ་ཡིས་བློ་རྩེ་གཅིག་སྒྲིམ་གྱིས་སྦྱོང་བརྡར་བྱས་ནས་དེ་བས་མཐོ་བ་དང་དེ་བས་རྒྱང་རིང་བའི་དམིགས་ཚད་ཕྱོགས་སུ་རྒྱུན་ཆད་མེད་པར་མདུན་དུ་སྐྱོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།