འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན།
ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་
“ཀྲུང་གོ་མི་དམངས་ཀྱིས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་གྱི་ཕྱོགས་སུ་བློ་བརྟན་འགྱུར་མེད་ངང་ལངས་ནས། ཞི་བདེ་དང་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་བཞིན་ཡོད” ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་9ཚེས་3ཉིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཞིང་། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཐོག་ནས་ཀྲུང་གོའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་དང་འཐབ་ཇུས་ཀྱི་གཟིགས་རྒྱང་རིང་པོ་མངོན་པ་མ་ཟད། ཀྲུང་གོས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུ་ཡིན་པའི་ཆོད་སེམས་བརྟན་པོ་ཡང་མཚོན་ཡོད་ཅེས་བརྗོད་པ་རེད།
“ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་མཐའ་མའི་རྒྱལ་ཁ་ཐོབ་པར་བློས་གཏོང་ཆེན་པོ་བྱས་པ་འཛམ་གླིང་གིས་ནམ་ཡང་ཡིད་ལ་བརྟན་པོར་ངེས་དགོས”
བྷེ་ཨུ་རུ་སུའི་རྒྱལ་བཙུགས་སློབ་ཆེན་ཡོ་རོབ་དང་ཨེ་ཤེ་ཡ་ཞིབ་འཇུག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཨན་ཏེ་ལེ·ལུའུ་སཱ་ཁེ་ཝུའེ་ཆི་ཡིས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་བཏོད་དེ། རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་བྱེད་སྤྱོད་ལ་བཀག་འགོག་བྱས་ནས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པར་ལེགས་སྐྱེས་གལ་ཆེན་ཕུལ་བ་མ་ཟད། ད་དུང་མིའི་རིགས་ཀྱི་ཞི་བདེ་དང་དྲང་བདེན་སྲུང་སྐྱོབ་བྱས་ཡོད་པས། “ཀྲུང་གོ་མི་དམངས་ཀྱིས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་མཐའ་མའི་རྒྱལ་ཁ་ཐོབ་པར་བློས་གཏོང་ཆེན་པོ་བྱས་པ་དེ་འཛམ་གླིང་གིས་ནམ་ཡང་ཡིད་ལ་བརྟན་པོར་ངེས་དགོས”ཞེས་བརྗོད་པ་རེད།
མོ་ཞི་ཁོའི་རིག་གནས་པུའི་གསོན་ཉམས་ཅན་གྱི་རིག་གནས་དང་། མངོན་མིན་ཤུལ་བཞག་དང་རིག་གནས་སྤེལ་རེས་ཧྲུའུ་ཡི་ཧྲུའུ་ཀྲང་ཏེ་ཀེ·ཕུའུ་ལེ་ཐུའོ་ཡིས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་དེས་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་ཁྱོན་ཡོངས་ནས་རྒྱལ་ཁ་ཐོབ་པར་སུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད་པ་རེད།
“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པའི་ཀྲུང་གོའི་བློ་རྒྱ་ཆེན་པོ་འདི་འདྲ་ཧ་ཅང་དཀོན་པོ་རེད”
མ་ལེ་ཞི་ཡའི་ཀྲུང་གོའི་སྤྱི་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཡན་ཐེན་ལུའུ་ཡིས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་ནི་དུས་རབས་ཉི་ཤུ་པའི་ནང་གི་མིའི་རིགས་ཀྱི་ལོ་རྒྱུས་ཐོག་གི་དོན་རྐྱེན་གལ་ཆེན་ཡིན་པས། ཀྲུང་ཧྭ་མི་རིགས་ཀྱི་འཕེལ་རྒྱས་དང་འཛམ་གླིང་གི་ཤེས་དཔལ་ཡར་ཐོན་ལ་དོན་སྙིང་གཏིང་ཟབ་ལྡན་ཡོད་ལ། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྒྱལ་སྤྱིའི་མཉམ་ལས་མཐའ་འཁྱོངས་བྱས་ནས་ཕྱོགས་མང་རིང་ལུགས་ལག་ལེན་ཧུར་ཐག་བསྟར་དགོས་པའི་བློ་སྒོ་གལ་ཆེན་ཡང་ཕྱེ་ཡོད་ཅེས་བརྗོད་པ་རེད།
ནེ་པ་ལའི་ནེ་ཀྲུང་མཛའ་གྲོགས་གླེང་སྟེགས་ཀྱི་ཀྲུའུ་ཞི་ཀའོ་ལེང་གིས། ང་རང་ཀྲུང་གོར་སློབ་སྦྱོང་བྱེད་སྐབས་ཀྲུང་གོ་མི་དམངས་ཀྱིས་སྔ་བལྟས་ཕྱི་དྲན་ལ་དོ་སྣང་ཆེན་པོ་བྱེད་པ་གསལ་པོ་ཤེས་བྱུང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་དྲན་གསོའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་རྣམས་ལ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ལོ་རྒྱུས་མེ་ལོང་དུ་བཟུང་ནས། ལོ་རྒྱུས་ཀྱི་སྐྱོ་གར་བསྐྱར་ཟློས་མི་བྱེད་པའི་ཉེན་བརྡ་བཏང་གནང་ཡོད། “མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱེད་པའི་ཀྲུང་གོའི་བློ་རྒྱ་ཆེན་པོ་འདི་འདྲ་ནི་ཧ་ཅང་དཀོན་པོ་རེད”ཅེས་བརྗོད་པ་རེད།
“མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་དང་ཡར་ཐོན་ལ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”
ཨུ་རུ་སུའི་རྒྱང་ཤར་ས་ཁུལ་རྒྱལ་ཕྲན་མཉམ་འབྲེལ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ཨཱ་ལི་ཁེ་ཞེ·ཁུའུ་ལི་ཉི་ཆི་ཡིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ཐོག་ནས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་སྐྱོད་པའི་ཀྲུང་གོའི་ལངས་ཕྱོགས་བརྟན་པོ་དང་། འཛམ་གླིང་གི་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་རྒྱལ་ཁབ་ཆེན་པོའི་འགན་འཁྲི་འཁུར་སེམས་གཏིང་ཟབ་མངོན་ཡོད། མིག་སྔའི་རྒྱལ་སྤྱིའི་དུས་བབ་ཉིན་རེ་བཞིན་ཛ་དྲག་ཏུ་ཕྱིན་ནས་བཙན་དབང་རིང་ལུགས་དང་ཕྱོགས་རྐྱང་རིང་ལུགས་ཀྱི་བྱེད་སྤྱོད་ཀྱིས་དམག་འཁྲུག་རྗེས་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་ཕོག་ཐུག་ཚབས་ཆེན་བཟོ་གི་ཡོད། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་སུ་ལངས་ཡོད། “རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས། འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ཀྲུང་གོས་འཛམ་གླིང་ཡོངས་ཀྱི་ཞི་བདེ་ལ་དགའ་བའི་སྟོབས་ཤུགས་དང་ལག་གདང་སྦྲེལ་ནས། འཛམ་གླིང་དམག་ཆེན་གཉིས་པའི་རྒྱལ་ཁའི་གྲུབ་འབྲས་སྲུང་སྐྱོབ་དང་ཕྱོགས་མང་རིང་ལུགས་ངོ་མ་དར་སྤེལ་བཏང་ནས། མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཡར་ཐོན་ལ་དེ་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།
ཧ་སག་སི་ཐན་གྱི“ཡོ་རོབ་དང་ཨེ་ཤེ་ཡ་ལྟ་ཞིབ་ཚད་ལེན”དབྱེ་ཞིབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཨཱ་ལི་པེ་ཁེ·ཐཱ་རི་པཱ་ཡེ་ཧྥུའུ་ཡིས། ཀྲུང་གོས་རྒྱལ་ཁབ་ཆེན་པོའི་འགན་འཁྲི་ཧུར་ཐག་ཁུར་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་གི་ཡོད་པ་འདི་ཐོག་ནས། ཀྲུང་གོའི་འཐབ་ཇུས་ཀྱི་གཟིགས་རྒྱང་མཚོན་པ་མ་ཟད། དེ་བས་དྲང་གཞག་དང་དེ་བས་རྒྱུན་མཐུད་ཆོག་པའི་འཛམ་གླིང་གི་སྒྲིག་ལམ་འཛུགས་པར་ཚད་གཞི་ཡང་བཟོས་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།