ཀྲུང་གུང་འཐུས་མི་ཚོགས་པས་ཕོར་ཐིའུ་ཀལ་དུ་འཚམས་འདྲི་བྱས་པ་དང་ཕོར་ཐིའུ་ཀལ་གུང་ཁྲན་ཏང་གི《མདུན་སྐྱོད་ཚགས་པར》དུས་ཆེན་ལ་ཞུགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ལི་སི་པོན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན་དང་ཉིང་ཞ་ཧུད་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་དབྱི་ཧྥེས་ཀྲུང་གུང་འཐུས་མི་ཚོཌ་པའི་སྣེ་ཁྲིད་དེ་ཕོར་ཐིའུ་ཀལ་དུ་འཚམས་འདྲི་བྱས་པ་དང་འབྲེལ། ཕོར་ཐིའུ་ཀལ་གུང་ཁྲན་ཏང་གི《མདུན་སྐྱོད་ཚགས་པར》དུས་ཆེན་ལ་ཞུགས་ཤིང་། ཕོར་ཐིའུ་ཀལ་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ལེ་མོང་ཏུའོ་དང་སའེ་ཧྲར་གྲོང་ཁྱེར་གྱི་ཧྲི་ཀྲང་ཞིར་ཝ་དང་ཐུགས་འཕྲད་བྱས་པ་དང་། སྤྱི་ཚོགས་དམངས་གཙོ་ཏང་གི་ཀྲུའུ་ཞི་གཞོན་པ་ཁོ་ཨའེ་ལུའེ་སོགས་ཏང་དེའི་འགོ་ཁྲིད་པ་དང་གྲོས་བསྡུར་དང་སྤེལ་རེས་ཀྱིས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཏང་དབར་གྱི་འགྲོ་འོང་སོགས་ཐད་ལྟ་ཚུལ་བརྗེ་རེས་བྱས་པ་དང་འབྲེལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཉིང་ཞའི་ལག་ལེན་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ངོ་སྤྲོད་བྱས་པ་རེད།
ཕོར་ཐིའུ་ཀལ་ཕྱོགས་ཀྱིས་ཕོར་ཀྲུང་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། སླད་ཕྱིན་ཀྲུང་གོ་གུང་ཁྲན་ཏང་དང་མཛའ་གྲོགས་འགྲོ་འོང་གཏིང་ཟབ་ཏུ་གཏོང་བ་དང་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་དང་ས་གནས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། ཕོར་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་འཕེལ་རྒྱས་སྔར་ལས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།