ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁོངས་ཀྱི་སྨན་རྫས་ཉོ་ཚོང(གཅིག་སྡུད་ཉོ་སྒྲུབ)ལས་སྟེགས་ཀྱིས་ཁེ་ལས་ཀྱི་རྒྱལ་སྒྲོལ་དྲ་ཐོག་ཉོ་ཚོང་ཐོག་མ་ཁྱབ་བསྒྲགས་བྱས་པ།
ཉིན་ཤས་གོང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ས་ཁོངས་ཀྱི་སྨན་རྫས་ཉོ་ཚོང(གཅིག་སྡུད་ཉོ་སྒྲུབ)ལས་སྟེགས་ཀྱིས་ཀོང་ཤིས་ནན་ཉིང་དུ་ཁེ་ལས་ཀྱི་རྒྱལ་སྒྲོལ་དྲ་ཐོག་ཉོ་ཚོང་དང་བསྡོམས་རྩིས་ཐོག་མ་ཁྱབ་བསྒྲགས་བྱས་པ་དང་། ཧང་ཀྲོའུ་ཀྲུང་མེ་ཧྭ་ཏུང་སྨན་བཟོ་ཚད་ཡོད་ཀུང་སིས་ལས་སྟེགས་དེ་བརྒྱུད་སིང་ཀ་ཕོར་ཕྱོགས་དང་ཉོ་ཚོང་བྱས་པ་དེ་ཐོག་ནས་ཀྲུང་གོའི་སྨན་རྫས་ཁེ་ལས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་སྟབས་བདེ་དང་བདེ་འཇགས་ཀྱི་བགྲོད་ལམ་ཞིག་ཡིན་པའི་ལས་སྟེགས་དེ་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་དུ་ཕྱིན་པ་མཚོན་གྱི་ཡོད། ལས་སྟེགས་དེ་2025ལོའི་ཟླ་བ་དང་པོར་དངོས་སུ་སྤྱོད་འགོ་ཚུགས་ཤིང་། དེ་ནི་རྒྱལ་ཁབ་སྨན་བཅོས་འགན་སྲུང་ཅུས་ཀྱིས་ས་གནས་འཛུགས་སྐྲུན་ལ་མཛུབ་ཁྲིད་བྱེད་པའི་རྒྱལ་མཚམས་སྒྲོལ་བའི་ས་ཁོངས་ཀྱི་སྨན་རྫས་གཅིག་སྡུད་ཉོ་སྒྲུབ་ལས་སྟེགས་ཐོག་མ་དེ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།