《གསར་དུ་རྩོམ་སྒྲིག་བྱས་པའི་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས》(དབྱིན་ཡིག་དཔར་མ)ཀྱི་པར་ཕུད་མཛད་སྒོ་ཨ་ཐེན་སིར་གཉེར་བ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་ཐེན་སི་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། 《གསར་དུ་རྩོམ་སྒྲིག་བྱས་པའི་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས》(དབྱིན་ཡིག་དཔར་མ)ཀྱི་དེབ་གསར་ཡོངས་བསྒྲགས་ཚོགས་འདུ་དང“ཤེས་དཔལ་དང་དམག་འཁྲུག”གི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཀེ་རི་སེའི་གྲོང་ཁྱེར་ཨ་ཐེན་སི་རུ་གཉེར་བ་རེད།
ད་ཐེངས་ཀྱི་མཛད་སྒོའི་དམིགས་ཡུལ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུས་ནས་འཛམ་གླིང་དམག་ཆེན་གཉིས་པའི་སྐོར་གྱི་ཀྲུང་གོའི་རིག་གཞུང་ལས་རིགས་ཀྱི་ཞིབ་འཇུག་གི་གྲུབ་འབྲས་གསར་ཤོས་འཛམ་གླིང་ལ་བསྟན་ཏེ། དམག་ཆེན་གཉིས་པའི་ལོ་རྒྱུས་ཞིབ་འཇུག་ཁྱབ་ཁོངས་སུ་རྒྱལ་སྤྱིའི་རིག་གཞུང་ལས་རིགས་དང་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་རིག་གཞུང་ཐོན་ཁུངས་མཉམ་སྤྱོད་དང་ཞིབ་འཇུག་བྱ་ཐབས་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་ཆེད་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།