དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • སྣེ་མང་དགྱེས་སྟོན་དམངས་ཀྱི་སྒོ་རྩར་བཤམས།

    —— བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི“གཤམ་སྤེལ་གསུམ”དང་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱེད་སྒོའི་ཟུར་བྲིས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  དཔལ་མཆོག   |     སྤེལ་དུས།  2025-09-09

    “གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་དང་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱེད་སྒོའི་འཁྲབ་སྟོན་པས་འཁྲུག་ཆ་དོད་པའི་ཞབས་བྲོ་འཁྲབ་བཞིན་པ།

    མང་ཚོགས་ཚོས་དགོད་སྒྲའི་ཁྲོད་ལྟད་མོ་ལྟ་བཞིན་པ།

    མང་ཚོགས་ཚོས་ཁྲིམས་ལུགས་ཤེས་བྱའི་གསལ་འགྲེལ་ཉན་བཞིན་པ།

    བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་རྟེན་འབྲེལ་ཆེན་མོའི་མཛད་སྒོ་གྲོལ་མ་ཐག་པའི་ཟླ་8ཚེས་27ཉིན་ནས་བཟུང་“ཇོ་རིའི་བུ་ཕྲུག་བློ་སེམས་ཏང་ལ་ཕྱོགས། སྒོ་དབྱེའི་འཕེལ་རྒྱས་ལེའུ་གསར་པ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་གཞིས་རྩེ་གྲོང་ཁྱེར་གྱི་2025ལོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཤམ་སྤེལ་གསུམ”གྱི་གཅིག་སྡུད་དཔེ་སྟོན་དང་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱེད་སྒོའི་ལས་དོན་པ་དང་མཉམ་དུ་གསར་འགོད་པ་གཞི་རིམ་ལ་བཅར་འདྲིར་བསྐྱོད་པ་ཡིན།

    སྟོན་བར་མའི་ནམ་དུས་ཟིན། ཡུལ་ལུང་ཀུན་ཏུ་འབྲུ་རིགས་ཀྱི་སྙེ་མའི་མགོ་ལྕོག་ལྡེམ། སྣུམ་ཞག་འཁྱིལ་བའི་རི་ཀླུང་གང་སར་ཤ་ཤེད་རྒྱས་པའི་ཕྱུགས་རིགས་ཀྱིས་ཁེངས། དགོས་འདོད་ཅི་དགར་འཛོམས་པའི་གཙང་ཁུལ་གྲོང་གསེབ་ཀྱི་རྣམ་པ་ལས་ཡངས་ཤིང་ཕ་མཐའ་ཡས་པའི་དར་རྒྱས་ཀྱི་ལམ་ཆེན་ཞིག་མིག་ལམ་དུ་ལྷམ་མེར་འཆར།

    ཟླ་8ཚེས་27ཉིན་གྱི་སྔ་དྲོར། སྟོན་ཆར་ལན་གཅིག་བབས་ཤུལ་དུ་རྒྱལ་རྩེ་རྫོང་ཁོངས་ཀྱི་གནམ་གཤིས་བསིལ་དྲོད་སྙོམས་ལ་ལོ་ལེགས་སྙེ་མའི་དྲི་བསུང་ཞིག་བརླན་གཤེར་གྱི་མཁའ་དབུགས་དང་བསྡེབས་ནས་དྲི་འཛིན་སྣ་ལ་འཐུལ་འོང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིག་གནས་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་རྒྱུན་མཐུད་མཐོར་འདེགས་གཏོང་ཆེད་ཐེངས་འདིའི་རིག་གནས་ཚན་རྩལ་འཕྲོད་བསྟེན“གཤམ་སྤེལ་གསུམ”དང་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་ཐོག་མ་རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོར་དངོས་སུ་སྤེལ་འགོ་ཚུགས།

    བོད་ལྗོངས“ཧ་ཧུ་ཟློས་གར་ཚོགས་པ”ཡི་འཁྲབ་སྟོན་གཙོ་སྐྱོང་པས། ཕྱོགས་ཡོངས་ནས་ཁྲིམས་སྐྱོང་དང་རིག་རྩལ་ཟུང་འབྲེལ་གཏིང་ཟབ་བྱས་ནས། མི་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད། གཞིས་རྩེ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། གྲོང་ཁྱེར་ཁྲིམས་འཛིན་ཅུས། གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་བཅས་ཀྱི་སྣེ་ཁྲིད་འོག “ཇོ་རིའི་བུ་ཕྲུག་བློ་སེམས་ཏང་ལ་ཕྱོགས། སྒོ་དབྱེའི་འཕེལ་རྒྱས་ལེའུ་གསར་པ་གཏོད། གཞིས་རྩེ་གྲོང་ཁྱེར་གྱི་2025ལོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་རིག་གནས་ཚན་རྩལ་འཕྲོད་བསྟེན‘གཤམ་སྤེལ་གསུམ’གྱི་གཅིག་སྡུད་དཔེ་སྟོན་དང་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱེད་སྒོ”འདིར་འཁྲབ་སྟོན་གྱི་ནང་དོན་གྲ་སྒྲིག་གཟབ་རྒྱས་ཞུས་ཡོད་ཅེས་སྙན་སྒྲོན་ཞུས་འཕྲལ། བཀྲ་ཤིས་ཞོལ་པ་དང་བཅས་པར་ལྟད་མོ་བས་ཐལ་མོའི་རྡེབ་སྒྲ་བར་མེད་གྲགས།

    བྱེད་སྒོའི་རྣམ་པ་ནི་ད་ལམ་ལོ་ཤས་རིང་གཞིས་རྩེ་གྲོང་ཁྱེར་ཁྲིམས་འཛིན་ཅུས་ཀྱིས་གསར་དུ་བཏོད་པའི་ཁྲིམས་འཛིན་དྲིལ་བསྒྲགས་ཀྱི་སྟེགས་བུ་བརྒྱུད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལས་དོན་དང་ཟུང་འབྲེལ་གྱིས་དྲ་ཐོག་དང་དྲ་ཕྱི་འབྲེལ་བའི་རྣམ་པ་སྤྱད་དེ་ངོ་མཚར་བཞད་གད་དང་གོ་བདེ་ཤེས་སླ་བའི་སྐད་ཆར་བརྟེན་ནས་རྒྱུན་གཏན་འཚོ་བ་དངོས་ནང་ཁ་འབྲལ་ཐབས་མེད་པའི་ཁྲིམས་ལུགས་ཤེས་བྱ་རྣམས་གླུ་ཤགས་དང་གཞས་མ་གཏམ། ཟློས་གར་ཐུང་གྲས། མི་རིགས་ཀྱི་གླུ་གར། དངོས་མཚོན་འཁྲབ་གཞུང་། ཁྲིམས་ལུགས་སྒྲོག་འགྲེལ་སོགས་ཀྱི་ལེ་ཚན་ལ་དབྱེ་བས། ཁྲིམས་སྐྱོང་དྲིལ་བསྒྲགས་ཀྱི་ནུས་པ་དེ་བས་མང་ཚོགས་ཀྱི་སེམས་ལ་ཟུག་པར་གྱུར།

    སྟོན་གྱི་བསིལ་རླུང་འཇམ་པོ་གྲོ་མོའི་མ་ཆུ་གཙང་འགྲམ་ནས་ལྡང་ཞིང་། ནགས་ཚལ་དང་སྤང་རིའི་ལོགས་སུ་སྨུག་པས་གཡས་སྐོར་བརྒྱབ། ཟླ་8ཚེས་28ཉིན་གྱི་སྔ་དྲོར། བོད་ལྗོངས་གྲོ་མོ་རྫོང་གིས་གཞོགས་འདེགས་དང་གྲ་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད་འཁྲབ་སྟོན་ཚོགས་པས་རྫོང་དེའི་ཁམ་བུ་ཤང་ཁམ་བུ་སྨད་གྲོང་ཚོར་འཁྲབ་སྟོན་བྱེད་འགོ་ཚུགས།

    ཟློས་གར་ཐུང་གྲས《སྡེ་ཁུལ་ཡོ་བསྲང་མི་སྣའི་སྐོར་གླེང་བ》ཞེས་པའི་འཁྲབ་སྟོན་གྱིས་བྱེད་སྒོ་ཧྲིལ་པོར་ཚ་རླབས་འཕྱུར་ཞིང་། འཁྲབ་གཞུང་ནང་དུ་སྤྱི་ཚོགས་འཚོ་བའི་ཁྲོད་ཐོན་བཞིན་པ་དང་ཐོན་སྲིད་པའི་ཡོ་བསྲང་མི་སྣ་ཞིག་གི་སྣང་བརྙན་རྟོགས་བཟོ་བྱས་ཏེ་ཁྱིམ་ཚང་གི་གཏུམ་སྤྱོད་རྣམ་པ་ཞིག་ཟློས་གར་གྱི་སྡིངས་ཆའི་སྟེང་དུ་བཤམས་པས། ལྟད་མོ་བ་མང་པོ་ཞིག་རང་དབང་མེད་པར་མིག་ཆུ་ཤོར་བ་དང་དུས་མཚུངས་ཁྲིམས་ལུགས་རྡོག་རོལ་དུ་བཏང་བའི་མཇུག་འབྲས་དང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་ཤེས་བྱ་ཁོང་དུ་ཆུད་ཡོད་པ་རེད།

    མཐའ་མཚམས་ཀྱི་མང་ཚོགས་ཚོས་བཞད་གད་ཁྲོད་ནས་ཁྲིམས་སྐྱོང་གི་དབང་གྲགས་ལ་གོ་བ་ལོན་པ་དང་། ཁྲིམས་སྐྱོང་གི་བག་ཆགས་ཟབ་མོ་ཐེབས་པ། ཁྲིམས་སྐྱོང་གི་གཟི་རྔམ་ཉམས་སུ་མྱོང་བ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་ལ“ཁྲིམས་བཀུར། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད”བཅས་ཀྱི་རྣམ་པ་བཟང་པོ་གཏོད་ཆེད། ཟློས་གར་ཐུང་གྲས《ཁྲིམས་ཀྱིས་བྱིས་པར་སྲུང་སྐྱང་བྱེད》ཅེས་པ་དང་། གཏམ་བརྗོད་ཟློས་གར《གཉེན་སྒྲིག་དང་ཁྲིམས་ལུགས》ཞེས་པ་སོགས་ཀྱི་འཁྲབ་རྩལ་བྱང་ཆ་དོད་ལ་མཚར་ཉམས་ཅན་གྱི་རྣམ་པའི་ཁྲོད་ཁམ་བུ་ཤང་གི་མང་ཚོགས་ཚོའི་ཉིན་ཕྱེད་ཀྱི་དུས་ཚོད་དེ་སྐབས་འགར་དགོད་སྒྲ་དང་སྐབས་འགར་དབང་མེད་མཆི་མའི་ཁྲོད་དུ་འདས།

    ཁམ་བུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ལྷ་མོས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་གལ་ཆེའི་དུས་མཚམས་འདིར། མཐའ་མཚམས་མི་དམངས་ཚོས་སྒོ་རྩར“གཤམ་སྤེལ་གསུམ”གྱི་བྱེད་སྒོ་དང་བཅས་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་གྱི་བསམ་པའི་རྒྱགས་ཕྱེ་ལོངས་སྤྱོད་ཐུབ་ཅིང་། རིག་རྩལ་གྱི་རྣམ་པས་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་སྟངས་འདི་ནི་འཚོ་བ་དངོས་དང་ཁ་ཐག་ཤིན་ཏུ་ཉེ་བས་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ལ། རིག་རྩལ་འཁྲབ་སྟོན་གྱི་ཞོར་དུ་རིག་གནས་དང་ཚན་རྩལ། འཕྲོད་བསྟེན་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པས། སླད་ཕྱིན་བྱེད་སྒོ་དེ་རིགས་གཞི་རིམ་གྱི་ཐག་རིང་གྲོང་གསེབ་ལ་འཁྲབ་སྟོན་མང་ཙམ་བྱེད་རྒྱུའི་རེ་བ་ཡོད་ཅེས་བཤད།

    འབྲས་ལྡན་སྟོན་གྱི་ནམ་ཟླ་ནི་ས་ཁད་མཐོ་བའི་ས་མ་འབྲོག་ཁུལ་ལ་མཚོན་ན་གདེང་ཚོད་མེད་པའི་དུས་ཚིགས་ཤིག་རེད། ཟླ་8ཚེས་29ཉིན་གྱི་ཞོགས་པར། རིག་རྩལ་འཁྲབ་སྟོན་ཚོགས་པ་དང་བཅས་པ་ཁང་དམར་རྫོང་བཞོན་འཕྲེང་ཤང་ཆིམས་འབྲོག་གྲོང་ཚོར་འབྱོར་དུས། ཡུལ་དེའི་མཐའ་ཡི་རི་བོ་ཁ་བས་བཀླུབས་ཤིང་མདའ་ཡི་ཞིང་ཁའི་ལོ་ཏོག་ཀྱང་གངས་མ་ཆར་གྱི་སད་ལ་ཚུད། འོན་ཏེ་སྔ་ས་ནས་སྐྱ་ནམ་རྒྱས་པའི་འཚོ་བར་རོལ་ཟིན་པའི་ཡུལ་མི་རྣམས་ནི་ཇི་མི་སྙམ་པར་སྤང་ཐང་ན་ཁའི་སྟེང་གི་དགྱེས་སྟོན་འདུ་ཚོགས་ལ་འབྱོར།

    འཁྲབ་སྟོན་གྱི་ལེ་ཚན་གཙོ་སྐྱོང་པས། ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་གྱིས་ང་ཚོར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་པོ་བསྟན་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་རིག་གནས་དགོངས་པའི་འོད་ཟེར་གྱིས་ང་ཚོར་ཁྲིམས་སྐྱོང་དང་རིག་གནས་གོང་འཕེལ་གཏོང་བའི་ལམ་བུ་གསལ་བར་བྱས་ཡོད་ཅེས་སྙན་སྒྲོན་ཞུས་ནས་འཁྲབ་སྟོན་འགོ་ཚུགས། གཏམ་བརྗོད་ཐུང་གྲས《བདེ་འཇགས་ནི་ཨང་དང་པོ་ཡིན》ཞེས་པ་དང《གཡོ་སྒྱུ》《ལུགས་སྲོལ་ལས་འགལ་བའི་མཇུག་འབྲས》སོགས་ངོ་མཚར་ཆེ་བའི་འཁྲབ་སྟོན་གྱིས་མང་ཚོགས་ཚང་མར་ལྟད་མོའི་ཞོར་ལ་ཁྲིམས་སྐྱོང་གི་སློབ་གསོ་དང་རང་སྲུང་གི་ནུས་པ་མཐོར་འདེགས་བྱུང་བ་མ་ཟད། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའང་དྲིལ་བསྒྲགས་བྱས་ཡོད་པ་རེད།

    ད་ཐེངས་ཀྱི་བྱེད་སྒོའི་རིང་། ཁྲིམས་ལུགས་ཀྱི་ཤེས་བྱ་དང་དུག་འགོག་ཤེས་བྱ་སོགས་ཀྱི་བྱ་དགའ་ཡོད་པའི་དྲི་བ་དྲིས་ལན་བར་བཅུག་བྱས་པར་མང་ཚོགས་ཧུར་ཐག་ཞུགས་ཏེ་རང་རང་གིས་བཏབ་པའི་དྲིས་ལན་ལ་སྤྱོད་གོ་ཆོད་པའི་རིག་གནས་ཐོན་རྫས་ཀྱི་བྱ་དགའ་རག་པར། གཞི་རིམ་གྱི་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་རྣམས་ལ་དགོད་སྒྲའི་ཁྲོད་ནས་ཁྲིམས་ལུགས་དང་རིག་གནས་ཀྱི་དགོས་མཁོ་སྐོང་བའི་རེ་འདུན་འགྲུབ་ཐུབ་པ་བྱུང་ཡོད།

    གསར་འགོད་པས་ཤེས་རྟོགས་བྱུང་གསལ། ད་ཐེངས་ཀྱི་བྱེད་སྒོའི་རིང་རྫོང་ཁག་གིས་རིགས་མི་འདྲ་བའི་དྲིལ་བསྒྲགས་ཀློག་དེབ་དང་ལག་དེབ། སློབ་མའི་ཡིག་ཆས་དཔེ་ཁུག དེ་མིན་འཚོ་བའི་མཁོ་ཆས་ཕོན་ཆེར་སྤྲད་པ་མ་ཟད། ཁྲིམས་ལུགས་བློ་འདྲིའི་ཞབས་ཞུའང་སྒྲུབ་ཡོད་པས། བྱེད་སྒོ་སྤེལ་ཡུལ་རེར་མི་གྲངས་སྟོང་ལས་བརྒལ་བར་ཕན་པ་ཐོབ་པ་དང་བྱེད་སྒོའི་ཐད་གཏོང་བྱེད་ཐེངས་རེར་ལྟད་མོ་བ་མི་གྲངས་ཁྲི་དྲུག་ཙམ་ཟིན་གྱི་ཡོད་པ་རེད། འཁྲབ་སྟོན་ཚོགས་པས་ད་དུང་གམ་པ་དང་གཉའ་ནང་། སྐྱིད་གྲོང་། ས་དགའ། འབྲོང་པ་སོགས་རྫོང་ཁག་ཏུ་བྱེད་སྒོ་སྤེལ་མུས་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།