དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་གྱིས་ནུས་ཤུགས་མཉམ་དུ་བཏོན་ནས་དབྱར་དུས་ཀྱི་སྐྱེལ་འདྲེན་ཧུར་ཐག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-09

    ཉེ་ཆར། དུས་ཡུན་ཉིན་62རིང་གི་དབྱར་དུས་སྐྱེལ་འདྲེན་ལེགས་གྲུབ་བྱུང་ཞིང་། དབྱར་དུས་ཀྱི་སྐྱེལ་འདྲེན་རིང་། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་རིམ་རྩིས་བརྒྱབ་ན་འགྲུལ་པ་མི་ཐེངས་ཁྲི་468.4སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་3.5%འཕར་བ་དང་། དངོས་ཟོག་ཏུན་ཁྲི་511.6སྐྱེལ་འདྲེན་བྱས་པ་དེ་དུས་མཚུངས་ལས་23.6%འཕར་ཡོད། བོད་ལྗོངས་དམངས་སྤྱོད་མཁའ་འགྲུལ་གྱིས་རིམ་རྩིས་བརྒྱབ་ན་དུས་གཏན་གནམ་གྲུ་འཕུར་འབབ་ཐེངས་ཁྲི་1.4དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་170 དངོས་ཟོག་སྦྲག་བསྐུར་འདོན་འཇུག་བྱེད་ཚད་ཏུན་ཁྲི་1.1བཅས་འགན་ལེན་བྱས་པ་དེ་དུས་མཚུངས་ལས་6.9%དང་། 4.3% 9.3%བཅས་སོ་སོར་འཕར་བ་དང་། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དང་། དངོས་ཟོག་སྦྲག་བསྐུར་འདོན་འཇུག་བྱེད་ཚད། དུས་གཏན་གནམ་གྲུ་འཕུར་འབབ་བྱེད་ཐེངས་བཅས་ཀྱི་ལྟེ་བའི་དམིགས་ཚད་ཆེན་པོ་གསུམ་ཚང་མ་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།