དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • བོད་ལྗོངས་མངའ་རིས།

    སྒེར་འཁོར་ཡུལ་སྐོར་གྱིས་རིག་གནས་ཡུལ་སྐོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-08

    ཉིན་ཤས་གོང་། “མཁའ་དབྱིངས་ཀྱི་མངའ་རིས། སྤྲིན་སྣེའི་ཡུལ་སྐོར”ཞེས་པའི་སྒེར་འཁོར་ཡུལ་སྐོར་ཚོགས་ཆེན་དང་སྒེར་འཁོར་ཡུལ་སྐོར་གྱི་ལམ་ཐིག་འོས་སྦྱོར་བྱེད་སྒོ་བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་དུ་འཚོགས་པ་རེད། བྱེད་སྒོ་དེ་ཧོ་པེ་ཞིང་ཆེན་བོད་སྐྱོར་མདུན་ཕྱོགས་ལས་དོན་མཐུན་སྦྱོར་ཚོགས་ཆུང་དང་མངའ་རིས་ས་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་སྤེལ་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི“བོད་ནུབ་ཀྱི་སྦས་ལུང་། མཁའ་དབྱིངས་ཀྱི་མངའ་རིས”ཞེས་པའི་རིག་གནས་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཆོད་ཚད་དང་སྙན་གྲགས་ཆེ་རུ་བཏང་སྟེ། འཛམ་གླིང་རིམ་པའི་ཡུལ་སྐོར་གྱི་དམིགས་ས་བཏོད་ནས་མངའ་རིས་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱ་ཆེད་རེད། བྱེད་སྒོ་དེ་ཉིན་6སྤེལ་བ་དང་ཟླ་9ཚེས་6ཉིན་མཇུག་འགྲིལ་བ་རེད། འདི་ནི་ཟླ་9ཚེས་3ཉིན“མཁའ་དབྱིངས་ཀྱི་མངའ་རིས། སྤྲིན་སྣེའི་ཡུལ་སྐོར”ཞེས་པའི་བྱེད་སྒོར་ཞུགས་མཁན་ཡུལ་སྐོར་བས་མ་ཕམ་གཡུ་མཚོའི་ངོགས་སུ་པར་རྒྱག་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།