དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཚོ་དམག་གི་རུ་སྟར་གྲུ་བཞིའི་འཐབ་འཛིང་པ་ཝང་ཕེ་ལིན་གྱིས་བརྗོད་དོན།“ཕྲག་ཏུ་འགན་འཁྲི་ལྕི་པོ་ཡོད་པས་དཀའ་སྡུག་ཇི་འདྲ་འཕྲད་རུང་དཔའ་སྟོབས་ཞུམ་མི་རུང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-08


    འདི་ནི་ཝང་ཕེ་ལིན་གྱིས་དམག་གཟིགས་སྦྱོང་བརྡར་བྱ་ཡུལ་དུ་སྦྱོང་བརྡར་བྱེད་བཞིན་པ།

    ཟླ་9ཚེས་3ཉིན་གྱི་སྔ་དྲོར། མཚོ་དམག་གི་རུ་སྟར་གྲུ་བཞི་དཔའ་ཉམས་དོད་ལ་གོམ་སྟབས་འགྲིག་པོས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནས་བསྐྱོད། རང་གི་བུ་ཝང་ཕེ་ལིན་རུ་སྟར་ནང་འགྲོ་བ་མཐོང་སྐབས་བརྙན་འཕྲིན་མདུན་གྱི་ཝང་ཏེང་ཁུའེ་དགའ་ཐག་ཆོད་ནས་མིག་ཆུ་ཡང་རང་དབང་མེད་པར་ཤོར། “ང་དེ་སྔོན་མཐའ་སྲུང་འཐབ་འཛིང་པ་ཞིག་ཡིན། གནམ་བདེ་སྒོ་མོ་ཆེའི་མདུན་དུ་ཏང་དང་མི་དམངས་གྱི་གཟིགས་ཞིབ་དང་ལེན་བྱ་རྒྱུ་ནི་སྔར་ནས་ད་བར་གྱི་ངའི་ཕུགས་འདུན་ཡིན། ངའི་ཕུགས་འདུན་དེ་བུས་མངོན་འགྱུར་བྱེད་ཐུབ་སོང”ཞེས་ཝང་ཏེང་ཁུའེ་ཡིས་སེམས་འགུལ་ཆེན་པོས་བཤད།

    ཝང་ཕེ་ལིན་གྱི་ནང་མི་མི་རབས་བཞི་ཚང་མ་དམག་མི་ཡིན་ཞིང་། ཁྱིམ་གྱི་འདྲ་པར་རྙིང་པ་དེ་དག་ནི་ཁོང་གི་བརྗེད་པར་དཀའ་བའི་བྱིས་དུས་ཀྱི་དྲན་ཤེས་རེད། འདྲ་པར་ནང་ཝང་ཕེ་ལིན་གྱི་སྤོ་ལགས་དང་རྨོ་ལགས་གཉིས་ཀྱི་མིག་མདངས་ལས་དམག་མིའི་དཔའ་ངར་མངོན་པ་དང་བྲང་ཁོག་མདུན་དུ་གཟེངས་རྟགས་བཏགས་འདུག “ཁོང་རྣམ་གཉིས་རི་འགོག་དམག་འཁྲུག་ནང་ཞུགས་མྱོང་བས། བུ་རང་ཆེན་པོ་ཆགས་རྗེས་རྒྱལ་ཁབ་སྲུང་སྐྱོང་བྱེད་དགོས”ཞེས་དམག་མི་བྱེད་མྱོང་བའི་སྤོ་ལགས་ཀྱིས་ཝང་ཕེ་ལིན་ལ་རྟག་ཏུ་རྒན་རབས་པ་ཚོའི་འདས་དོན་སྐོར་ཤོད་ཀྱི་ཡོད།

    ཝང་ཕེ་ལིན་ཆུང་དུས་ནས་སེམས་ནང་དམག་མི་བྱས་ཏེ་རྒྱལ་ཁབ་ཀྱི་དྲིན་གཟོ་བའི་བག་ཆགས་བྱུང་བ་དང་། རྗེས་སུ་ཝང་ཕེ་ལིན་མཚོ་དམག་ཏ་ལན་དམག་གྲུའི་སློབ་གླིང་དུ་རྒྱུགས་འཕྲོད།

    དམག་གཟིགས་ལས་འགན་འབྱོར་མ་ཐག ཝང་ཕེ་ལིན་གྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆོད་སེམས་ཡི་གེ་བསྐྱལ། དང་ཐོག་ཝང་ཕེ་ལིན་གྲལ་སྟར་ཁྲོད་དེ་ཙམ་མངོན་གསལ་དོད་པོ་མེད། “རང་ཉིད་ལས་རྣམ་པར་མ་རྒྱལ་ཚེ་འགན་འཁྲི་ལྕི་པོ་ཕྲག་ཏུ་ཇི་ལྟར་ཁུར”ཞེས་རང་གིས་རང་ལ་ལྕག་སྐུལ་བྱས་ནས་དམིགས་སའི་རང་བཞིན་གྱི་སྦྱོང་བརྡར་ལ་ཤུགས་སྣོན་བརྒྱབ་པས་ཁོང་གི་གོམ་སྟབས་དེ་བས་གྲལ་འགྲིག་ཏུ་སོང་སྟེ་རུ་སྟར་ནང་གི་ཚད་འཛིན་དམག་མི་ཞིག་ཏུ་གྱུར།

    ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནི་ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་རྦད་དེ་བློས་འགེལ་ཆོག་པའི་དཔའ་བོའི་དཔུང་སྡེ་ཞིག་ཡིན། ཝང་ཕེ་ལིན་གྱིས“ཕྲག་ཏུ་འགན་འཁྲི་ལྕི་པོ་ཡོད་པས་དཀའ་སྡུག་ཇི་འདྲ་འཕྲད་རུང་དཔའ་སྟོབས་ཞུམ་མི་རུང”སླད་ཕྱིན་ངས་བསམ་པའི་ཉམས་འགྱུར་དེ་བས་ལེགས་པའི་ཐོག་ནས་བློ་བརྟན་འགྱུར་མེད་ངང་འབད་འཐབ་བྱས་ཏེ། ངེས་པར་དུ་ཏང་ལ་མཐའ་གཅིག་ཏུ་ལྷག་བསམ་རྣམ་དག་བྱེད་པ་དང་བློ་བརྟན་འགྱུར་མེད་ཀྱི་གཤིས་རྒྱུད་དེ་མཚོ་ཁོངས་སུ་དར་བ་བྱ་རྒྱུ་ཡིན་ཞེས་བརྗོད།


    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།