དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་རུ་སྟར་གྲུ་བཞིའི་རུ་མི་མཱ་ཁྲའོ་ཆུན་གྱིས་བརྗོད་དོན།“གཟུགས་པོ་ཡོངས་སྟོབས་ཤུགས་ཀྱིས་ཁེངས་སོང”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-08

    འདི་ནི་མཱ་ཁྲའོ་ཆུན(གཡོན་གྱི་གཉིས་པ)དང་འཐབ་གྲོགས་ཚོ་རུ་སྟར་གྱི་སྦྱོང་བརྡར་ནང་ཞུགས་བཞིན་པ།

    ཟླ་9ཚེས་3ཉིན་གྱི་དམག་གཟིགས་མཛད་སྒོའི་ཐོག་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་རུ་སྟར་གྲུ་བཞིའི་ནང་གི་་བུད་མེད་དམག་མི་སྐོར་ཞིག་གིས་ཚང་མར་བག་ཆགས་ཟབ་མོ་བཞག་ཡོད། བྱང་རྒྱུད་འཐབ་ཁུལ་སྤྱི་ཁྱབ་སྨན་ཁང་སྙིང་ཁམས་ཁྲག་རྩའི་ཁོག་ནད་ཚན་ཁག་གི་གཙོ་བཅོས་སྨན་པ་མཱ་ཁྲའོ་ཆུན་ནི་དེའི་གྲས་ཤིག་རེད།

    མཱ་ཁྲའོ་ཆུན་གྱིས་རྒྱབ་ཏུ་ཁུར་བའི་འཕྲོད་བསྟེན་ཁུག་མ་ནི་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་རུ་སྟར་གྲུ་བཞིའི་ཁྱད་ལྡན་སྒྲིག་ཆས་ཤིག་ཡིན་ཞིང་། ཁུག་མའི་ནང་ཁྲག་འགོག་ཡོ་བྱད་དང་། འཆིང་རས། དབུགས་རྒྱུ་སོགས་ལ་གཞིགས་ནས་སྨན་བཅོས་མཁོ་ཆས་30ལྷག་ཙམ་ཚན་རིག་དང་མཐུན་པའི་ངང་བཀོད་སྒྲིག་བྱས་པ་དེ་ནི་གཡུལ་སའི་འཐབ་ས་དང་པོའི་སྨན་བཅོས་སྲོག་སྐྱོབ་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་རེད།

    ད་ཐེངས་ཀྱི་དམག་གཟིགས་སྐབས་མཉམ་འབྲེལ་རྒྱབ་ཕྱོགས་མཁོ་སྒྲུབ་འགན་སྲུང་དཔུང་སྡེའི་རུ་སྟར་གྲུ་བཞིས་ཕོ་མོ་མཉམ་བསྲེས་དང་ལྗིད་ཐེག་ཁུག་མ་ཁུར་བའི་རྣམ་པའི་ཐོག་ནས་གཟིགས་ཞིབ་ཐོག་མར་དང་ལེན་བྱས་ཡོད། བུད་མེད་དམག་མི་ཚོས་སྨན་བཅོས་ཁུག་མ་རྒྱབ་ཏུ་ཁུར་ཞིང་ལག་ཏུ་མེ་མདའ་བཟུང་ནས་སྐྱེས་པ་ཚོ་་དང་གོམ་སྟབས་གཅིག་མཚུངས་ཀྱིས་མདུན་སྐྱོད་བྱེད་དགོས་པས་དཀའ་ལས་ཆེན་པོ་ཡོད།

    སྦྱོང་བརྡར་བྱ་ཡུལ་ནས་ལས་གནས་སུ་ལོག་རིམ་བཞིན་ཁོང་གིས་རི་འགོག་གཡུལ་སར་དམག་ཁོངས་སྨན་པ་ཚོས་ནད་བཅོས་སྲོག་སྐྱོབ་དང་ཤི་གསོན་ལ་མི་སྐྲག་པར་ཉེན་ཁ་དང་ཛ་དྲག་གི་སྐབས་སུ་འཐབ་གྲོགས་ཚོའི་སྲོག་ཡང་ཡང་སྐྱོབ་པ་རྟག་ཏུ་དྲན་གྱི་ཡོད་ལ། དེ་ལས་འབད་འཐབ་ཀྱི་བློ་སྟོབས་དང་སྒུལ་ཤུགས་རབ་ཏུ་འཕེལ།

    མཱ་ཁྲའོ་ཆུན་གྱིས“འཐབ་འཛིང་པ་ཚོས་མེས་རྒྱལ་གྱི་མཛེས་ཤིང་ལྟ་ན་སྡུག་པའི་རི་ཀླུང་སྲུང་གི་ཡོད་ལ་དམག་ཁོངས་སྨན་པས་ཁོང་ཚོའི་བདེ་ཐང་འགན་ལེན་བྱེད་ཀྱི་ཡོད” “ངས་མུ་མཐུད་འབད་བརྩོན་བྱས་ཏེ་ཕུལ་བྱུང་གི་སྨན་བཅོས་ལག་རྩལ་དང་བྱམས་སེམས་ལ་བརྟེན་ནས་དཔོན་དམག་ཚོར་སྔར་བས་དྲོ་སྐྱིད་དང་བདེ་ཐང་ཡོང་བར་བྱེད་ཀྱི་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།