དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་བདེ་སྲུང་སྐྱོང་གི་སྔོན་གཤེགས་དཔའ་བོ་དབྱང་ཧྲུའུ་ཕུང་གི་བཟའ་ཟླ་ཙོའུ་ལི་ནཱ་ཡིས་བརྗོད་དོན།“མུ་མཐུད་དྲོ་སྐྱིད་སྦྱིན་རྒྱུ་ཡིན”

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-08

    “ཨ་མ་ལགས་ཁྱེད་རང་ལོག་ཕེབས་པས།‘ཤར་རླུང—5C’གཟིགས་བྱུང་ངམ། ཕ་གི་ཉིང་རྡུལ་འཕུར་མདེལ་རེད། ཧང་སངས་དགོས་པ་ཞིག་མི་འདུག་གམ”ཞེས་ཟླ་9ཚེས་4ཉིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་གྱི་ས་གནས་ས་ཐོག་ཏུ་གདན་ཞུས་ལྟར་མཛད་གཟིགས་ལ་ཞུགས་པའི་ཙོའུ་ལི་ནཱ་ཁྱིམ་དུ་ལོག་སླེབས་མ་ཐག་བུ་དབྱང་དབྱི་མིང་གིས་དངངས་འཚབ་ཆེན་པོས་སྐད་ཆ་མང་པོ་དྲིས།

    དྲན་གསོའི་ཚོགས་ཆེན་ཐོག་ཞི་བདེའི་ཕུག་རོན་ཁྲི་8ཀྱིས་གཤོག་པ་རྡེབ་ནས་འཕུར་སྐྱོད་བྱེད་སྐབས། ཙོའུ་ལི་ནཱའི་སེམས་སུ་2016ལོའི་ཟླ་7པར་བྱུང་བའི་གནས་ཚུལ་ཞིག་ལྷང་ལྷང་དུ་དྲན་པ་སྟེ། སྐབས་དེར་ཁོང་གི་བཟའ་ཟླ་ཞི་བདེ་སྲུང་སྐྱོང་འཐབ་འཛིང་པ་དབྱང་ཧྲུའུ་ཕུང་སུའུ་ཏན་ལྷོ་མའི་ཡུལ་གྱར་སྒར་སར་ཉེན་ཟོན་ལས་འགན་སྒྲུབ་སྐབས་མེ་ཤུགས་འཕུར་མདེལ་ཕོག་ནས་ཚེ་ལས་འདས། དབྱང་ཧྲུའུ་ཕུང་གིས་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ཐོག་ནས་ཚེ་སྲོག་ལ་སྲུང་སྐྱོང་དང་ཞི་བདེར་སྲུང་སྐྱོང་བྱ་རྒྱུའི་དམ་བཅའ་ཁ་བཤད་ལག་བསྟར་བྱས།

    “དབྱང་ཧྲུའུ་ཕུང་ཚེ་ལས་འདས་རྗེས་དམག་མིའི་ནང་མི་ཡིན་པའི་ངར་རོགས་རམ་མང་པོ་ཐོབ་བྱུང”ཙོའུ་ལི་ནཱ་ནི་ཧྲན་ཏུང་ཅི་ནན་ཀང་ཁྲེང་ཆུས་ཀྱི་དམག་ཞབས་་ཐིམ་པའི་དམག་མིའི་ལས་དོན་ཅུས་ཀྱི་གཟིགས་སྐྱོང་བཀོད་སྒྲིག་ཁོའོ་ཡི་ལས་དོན་པ་ཞིག་རེད། ཁོང་གིས་དམག་ཞབས་ཐིམ་པའི་དམག་མི་དང་སྔོན་གཤེགས་དཔའ་བོའི་ནང་མིར་གཡས་གཞོགས་གཡོན་འདེགས་བྱས་ཏེ། ཁོང་ཚོའི་དཀའ་ངལ་ཐག་གཅོད་བྱེད་རོགས་བྱེད་ཀྱི་ཡོད། “སླད་ཕྱིན་ངས་རང་འཁྲིའི་ལས་འགན་ལེགས་པར་བསྒྲུབས་ནས་མུ་མཐུད་དྲོ་སྐྱིད་སྦྱིན་རྒྱུ་ཡིན”

    སྔོན་གཤེགས་དཔའ་བོའི་གཏམ་རྒྱུད་ལེགས་སྒྲིག་དང་འཕྲིན་སྤེལ་འཆར་གཞི་གསེད་བཀྲོལ་བྱ་རྒྱུ་ལ་སོགས། “ང་ཚོའི་ཀང་ཁྲེང་ཆུས་སུ་རི་འགོག་དམག་འཁྲུག་སྐབས་ཀྱི་སྔོན་གཤེགས་དཔའ་བོ་མང་པོ་ཡོད་མོད། འོན་ཀྱང་མི་མང་པོ་ཞིག་གིས་མིང་མ་གཏོགས་བཞག་མེད། ངས་ཁོང་ཚོའི་གཏམ་རྒྱུད་སྔོག་འདོན་དང་དྲིལ་བསྒྲགས་ཡག་པོ་བྱས་ནས་མི་རབས་རྗེས་མས་ཁོང་ཚོ་མ་བརྗེད་པ་བྱེད་དུ་འཇུག་གི་ཡིན”མཛད་གཟིགས་ནས་ལོག་སླེབས་རྗེས་ཙོའུ་ལི་ནཱ་ལས་ཀ་བྱེད་འགོ་བཙུགས་མོད། འོན་ཀྱང་དམག་གཟིགས་མཛད་སྒོའི་གཟབ་ཅིང་རྒྱས་པའི་རྣམ་པ་སྔར་བཞིན་མིག་མདུན་དུ་ཡང་ཡང་འཆར་ཡོང་བ་དང་། སྒྲིག་ཆས་གསར་པ་སྣ་ཚོགས་ཀྱི་སྒུལ་བྱེད་འཕྲུལ་འཁོར་གྱི་སྒྲ་རྒྱུན་མི་ཆད་པར་རྣ་བར་གྲགས་འོང་།

    “རང་སློབ་སྦྱོང་ཡག་པོ་གྱིས་ཤིག གཅིག་བྱས་ན་རྗེས་མ་བུ་རང་ཡང་འཕུར་མདེལ་ཞིབ་འཇུག་བྱེད་མཁན་ཞིག་ཆགས་ཀྱི་རེད”ཅེས་ཙོའུ་ལི་ནཱ་ཡིས་བུ་ལ་བཤད།

    “ཨ་མ་ལགས། ངས་སློབ་སྦྱོང་ཡག་པོ་བྱས་ཏེ་ཁྱེད་དང་རྒྱལ་ཁབ་སྲུང་སྐྱོང་ཡག་པོ་བྱེད་ཀྱི་ཡིན”ཞེས་དབྱང་དབྱི་མིང་གིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།