དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་བའི་ལོ་གཅིག

    ——ནུས་ཆེའི་བྱ་སྤྱོད་དང་དེ་བས་ལེགས་པའི་གྲུབ་འབྲས་ལ་བརྟེན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་ཟབ་ཏུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཆང་ཝེ། ལི་ཨན་ཆི། ཅིན་པོ། ཀོན་ཁེ་ཅང་།   |     སྤེལ་དུས།  2025-09-08

    ན་ནིང་ཟླ་བ་བདུན་པར་ཀྲུང་གོས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་2024ལོ་དང་2025ལོའི་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་དངོས་སུ་འཁུར་བ་རེད། ལོ་གཅིག་རིང་ཀྲུང་གོ་ཕྱོགས་ཀྱིས“‘ཧྲང་ཧའེ་ཡི་སྙིང་སྟོབས’དར་སྤེལ་གཏོང་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་བྱ་སྤྱོད་སྤེལ་བཞིན་ཡོད”ཅེས་པ་འབོད་ཚིག་ཏུ་བྱས་ནས་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་བྱེད་སྒོ་ཁག་100ལྷག་ཙམ་སྤེལ་ཏེ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དོན་གྲོས་ལམ་སྲོལ་དང་། མཉམ་ལས་རྣམ་པ། རྒྱུན་འཛུགས་ལས་ཁུངས་སོགས་ཕྱོགས་ཁག་གི་གསར་གཏོད་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ནུས་ཆེའི་བྱ་སྤྱོད་སྤེལ་བ་དང་དེ་བས་ལེགས་པའི་གྲུབ་འབྲས་གཏོད་རྒྱུར་སྣེ་ཁྲིད་ནས། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་བ་རེད།

    རིན་ཐང་གིས་སྣེ་ཁྲིད་དེ“ཧྲང་ཧའེ་ཡི་སྙིང་སྟོབས”ཀྱི་དཔལ་འབར་འཁྱེར་མཁན་ཞིག་བྱེད་པ།

    འདི་ལོའི་ཟླ་བ་བཞི་པར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་རྒྱལ་ཁབ་མཐུན་སྦྱོར་བའི་འཐུས་མི་ཚོགས་པ་ཧྲང་ཧའེ་རུ་ལྟ་སྐོར་འཚམས་འདྲི་བྱེད་རིང་ཆེད་མངགས་ནུབ་འདབས་མགྲོན་ཁང་དུ་གནས་པའི་དབྱི་ཤིང་བསིལ་ཁང་དུ་ལྟ་སྐོར་བྱས་པ་རེད། ལོ་24ཡི་གོང་གི་ཟླ་6ཚེས་14ཉིན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་དེ་གར་དངོས་གཞི་མིན་པའི་ཞལ་འཛོམས་གནང་བ་དང་ཕྱི་ཉིན་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུ་འཚོགས་རྗེས་རྒྱལ་ཁབ་དྲུག་གི་གཙོ་བདག་གིས་ཐུན་མོང་ཐོག《ཧྲང་ཧའེ་མཉམ་ལས་རྩ་འཛུགས་བཙུགས་པའི་བསྒྲགས་གཏམ》ལ་མིང་རྟགས་བཀོད་པ་རེད། 2006ལོར་ཁོངས་མིའི་རྒྱལ་ཁབ་ཀྱི་གཙོ་བདག་གིས་བསིལ་ཁང་འགྲམ་དུ་མཛའ་གྲོགས་མཚོན་པའི་མེ་ཏོག་ཡུས་ལན་དཀར་པོ་བཏབ་པ་དང་ད་ཆ་ཡལ་འདབ་རབ་ཏུ་རྒྱས་ཡོད།

    འདི་ལོའི་ཟླ་བ་བདུན་པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་པུའུ་ཀྲང་དང་རྒྱུན་འཛུགས་ལས་ཁུངས་ཀྱི་འགན་འཁུར་བར་མཉམ་སྡེབ་ཐོག་མཇལ་འཕྲད་གནང་སྐབས། ཕན་ཚུན་ཡིད་ཆེས་དང་གཉིས་ཕན་དེ་མཉམ་ལས་ཀྱི་རྨང་གཞིར་བྱེད་པ་དང་། འདྲ་མཉམ་དང་གྲོས་མོལ་དེ་མཉམ་གནས་ཀྱི་ཐབས་ལམ་དུ་བྱེད་པ། ཤེས་རིག་སྣ་མང་ལ་བརྩི་འཇོག་བྱས་ནས་ཞི་མཐུན་བསྟུན་མཁས་ལ་སྐུལ་འདེད་གཏོང་བ། ཐུན་མོང་འཕེལ་རྒྱས་དོན་གཉེར་བྱས་ནས་གཉིས་ཁེ་དར་རྒྱས་ཡོང་བ་བཅས་བྱས་ཏེ“ཧྲང་ཧའེ་ཡི་སྙིང་སྟོབས”ལ་བརྟེན་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མུ་མཐུད་ནུས་པ་འདོན་དགོས་ཞེས་གསུངས་པ་རེད།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་ཡེར་མེ་ཁེ་པ་ཡེ་ཧྥུའུ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཕེལ་རྒྱས་གཏོང་བའི་འགག་རྩ་ནི“ཧྲང་ཧའེ་ཡི་སྙིང་སྟོབས”མཐའ་འཁྱོངས་བྱ་རྒྱུ་དེ་ཡིན་ཞིང་། དེས་ཁོངས་མིའི་རྒྱལ་ཁབ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁོངས་མིའི་རྒྱལ་ཁབ་ཀྱི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བར་ཤུགས་སྣོན་རྒྱག་པ། ས་ཁུལ་དང་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་ལ་ཕན་ཐོགས་ཡོད་ཅེས་བརྗོད་པ་རེད།

    ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་ཡིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས“ཧྲང་ཧའེ་ཡི་སྙིང་སྟོབས”མཐའ་འཁྱོངས་བྱས་པས་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་མཉམ་ལས་གྲུབ་འབྲས་ཐོབ་པ་དང་རྒྱལ་སྤྱིའི་ཡིད་དབང་འགུག་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། ལག་ལེན་ལས“ཧྲང་ཧའེ་ཡི་སྙིང་སྟོབས”དེ་ཁོངས་མིའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་དང་མཐུན་པ་དང་སྐྱེ་སྟོབས་ཆེན་པོ་ལྡན་པའི་ར་སྤྲོད་ཐུབ་ཡོད་ཅེས་བརྗོད་པ་རེད།

    དམ་པ་དོན་གཉེར་གྱིས་མཉམ་ལས་ཟབ་ཏུ་གཏོང་བའི་བྱ་སྤྱོད་སྤེལ་མཁན་ཞིག་བྱེད་པ།

    ཧྲང་ཧའེ་མཉམ་ལས་རྩ་འཛུགས་དེ་རྒྱལ་ཁབ་26ཡོད་པའི“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོ”ཞིག་ཏུ་རྒྱ་སྐྱེད་བཏང་ཡོད། ཀྲུང་གོ་ཕྱོགས་ཀྱིས་རེས་འཁོར་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་འཁུར་ཚུན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཁྱབ་ཁོངས་མང་པོ་དང་ཕྱོགས་མང་པོར་དངོས་སྒྲུབ་མཉམ་ལས་རྒྱ་ཁྱབ་བྱས་ནས“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོའི”ཐུན་མོང་འཕེལ་རྒྱས་ཀྱི་རེ་སྒུག་ཟབ་མོར་ཨ་ལན་ཏན་ཏིག་སློག་ཡོད།

    རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3ཡོད་པའི་རིག་ལྡན་དྲོད་ཁང་ནང་བཤེར་རྒྱུན་ལག་རྩལ་དང་ས་མེད་འདེབས་ལས་སོགས་དེང་རབས་ཞིང་ལས་ཚན་རྩལ་གྱིས་ལོ་ཧྲིལ་པོའི་སྔོ་ཚལ་དང་ཤིང་འབྲས་མཁོ་སྤྲོད་ཐུབ་པར་བྱས་ཡོད། འདི་ལོའི་ཟླ་བ་ལྔ་པར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དབུལ་པོ་ཉུང་གཏོང་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་གླེང་སྟེགས་ཀྱི་ཚོགས་ཞུགས་སྐུ་མགྲོན་གྱིས་ཧྲའན་ཤིས་དབྱང་ལིན་རིག་ལྡན་ཞིང་ལས་དཔེ་སྟོན་གླིང་དུ་ལྟ་སྐོར་བྱས་པ་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་ཀྲན་ནེ་ཧྲི·ཁའེ་ཨེན་གྱིས“ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཀྲུང་གོར་གྲུབ་འབྲས་གལ་ཆེན་ཐོབ་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་དང་ཞིང་ལས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་འགྲོ་བར་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།

    འགྲེམས་ཞུགས་ཚོང་པ་360དང་ཉོ་སྒྲུབ་ཚོང་པ་2905ཡིས་2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་མ་འཇོག་ཚོང་དོན་འགྲེམས་ཚོགས་ལ་ཞུགས་པ་དང་། 2025ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་གྲངས་འཛིན་དཔལ་འབྱོར་གླེང་སྟེགས་ཐོག་གྲངས་འཛིན་དཔལ་འབྱོར་མཉམ་ལས་རྣམ་གྲངས་12ལ་མིང་རྟགས་བཀོད་པ། 《ཀྲུང་གོ་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་ཁབ་ཀྱི་མི་ཐབས་རིག་ནུས་ཉེར་སྤྱོད་མཉམ་ལས་ལྟེ་གནས་འཛུགས་སྐྲུན་ཇུས་གཞི》དང《ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་མཁོ་སྤྲོད་འཁོར་འབྲེལ་འཕེལ་རྒྱས་ཞིབ་འཇུག་སྙན་ཞུ》ཁྱབ་བསྒྲགས་བྱས་པ་ལ་སོགས། ལོ་གཅིག་རིང“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁྱིམ་ཚང་ཆེན་པོས”འཕེལ་རྒྱས་ཀྱི་འགུལ་ནུས་ལ་དམིགས་ཏེ། དཔལ་འབྱོར་ཚོང་དོན་མ་འཇོག་དང་། སྤྱི་པའི་འཕྲོད་བསྟེན། རིག་ནུས་ཀུན་ཕན། དབུལ་པོ་ཉུང་གཏོང་སོགས་ཁྱབ་ཁོངས་ཁྲོད་མཉམ་ལས་ལམ་སྲོལ་དང་མཉམ་ལས་བྱེད་སྟངས་གསར་གཏོད་བྱས་ནས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྒྱལ་ཁབ་ཁག་ཐུན་མོང་དར་རྒྱས་གོང་འཕེལ་གྱི་དམིགས་ཚད་ཕྱོགས་སུ་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱ་རྒྱུར་སྐུལ་འདེད་བཏང་ཡོད།

    ལས་འགན་ཕྲག་ཏུ་འཁུར་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་ལག་ལེན་པ་ཞིག་བྱེད་པ།

    ལོ་བརྒྱར་འཕྲད་མ་མྱོང་བའི་འགྱུར་ལྡོག་ཆེན་པོའི་མདུན་དུ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས། མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་ཚོགས་པ་ཞིག་ཡིན་པ་དང་། གོ་ལ་ཧྲིལ་པོ་མཉམ་རོགས་དང་མཐུན་འགྲོགས་མཉམ་གནས་བྱས་ཚེ། གཞི་ནས་ཐུན་མོང་ཐོག་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་ཐུབ་པའི་ངོས་འཛིན་སྔར་བས་གཏིང་ཟབ་ཐུབ་ཡོད། ལོ་གཅིག་རིང་། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ནས་ས་ཁོངས་རྒྱལ་ཁབ་ཕྱར་བ་གྲུ་འདེགས་དང་ཐུན་མོང་འཕེལ་རྒྱས་ཡོང་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད།

    “ཀྲུང་གོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལམ་བུར་བསྐྱོད་པ་མ་ཟད། མཉམ་ལས་ཀྱི་གྲོས་འགོ་རབ་དང་རིམ་པ་བཏོན་པ་དེས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་མཉམ་ལས་བརྒྱུད་ཞི་བདེ་འཕེལ་རྒྱས་དོན་གཉེར་བྱེད་པར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད”དབྱི་རན་ཨ་རབ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་མུའུ་ཧན་མུའུ་ཏེ·ས་ལི་ཧེ·སའེ་ཏེ་ཅི་ཨན་གྱིས། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནང་ཞུགས་པ་ནི་དབྱི་རན་གྱི་གོ་སྐབས་ཤིག་རེད། ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་རང་སོ་སོའི་འཕེལ་རྒྱས་ཀྱི་འགྲོ་ལམ་འཚོལ་ཞིབ་བྱེད་པར་སྐུལ་མ་དང་སྐུལ་ལྕག་གཏོང་བཞིན་ཡོད་ཅེས་བརྗོད་པ་རེད།

    འདི་ལོ་ནི་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་ལོ་ཞིག་རེད་ལ། མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བའི་ལོ་ཞིག་ཀྱང་རེད། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཡང་དག་པའི་ཕྱོགས་དང་དྲང་གཞག་དྲང་བདེན་གྱི་ཕྱོགས་སུ་ལངས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྔར་བས་གཞུང་དྲང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་ཡོད།

    བྷེ་ཨུ་རུ་སུའི་རྒྱལ་བཙུགས་སློབ་ཆེན་ཡོ་རོབ་དང་ཨེ་ཤེ་ཡ་ཞིབ་འཇུག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཨན་ཏེ་ལེ·ལུའུ་ས་ཁེ་ཝུའེ་ཆིས། ཀྲུང་གོའི་སྣེ་ཁྲིད་འོག ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱིས་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྡུས་ནས། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་མིའི་རིགས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བར“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྐད་སྒྲ”དེ་བས་མཐོན་པོ་བསྒྲགས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད“ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ལེགས་སྐྱེས”དེ་བས་མང་བ་ཕུལ་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།