ཧྲན་ཏུང་རུང་ཁྲེང་གི་སྒོ་དབྱེའི་འགག་སྒོར་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་བརྒྱུད་སྐྱེལ་ལས་ལ་བྲེལ་བ།
ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་གྲུ་ཁ་གསར་པ་ནི་རང་རྒྱལ་གྱི་རིགས་དང་པོའི་སྒོ་དབྱེའི་འགག་སྒོ་ཡིན་ཞིང་། ཉེ་བའི་ལོ་ཤས་རིང་། ཧྲི་ཏའོ་གྲུ་ཁ་གསར་པའི་འགག་སྒོས་འགག་སྒོ་སྒྲོལ་བའི་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ་དང་། ནུས་ཆེའི་ཟོག་འགྲེམས་ཞབས་ཞུ་བྱེད་པ། “རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ལ་ཐད་སྐྱོད་ཀྱི་ཆུ་ལམ་མང་པོ་ཤར་གཏོང་བྱེད་པ། རྒྱལ་སྤྱིའི་ཟོག་འགྲེམས་ལས་སྒོ་སྔར་བས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ“རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་ཀྱི་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་ལ་བརྟན་ལ་མྱུར་བ་དང་སྤུས་ལེགས་ནུས་ཆེའི་ཆུ་ཐོག་སྐྱེལ་འདྲེན་ཞབས་ཞུ་བྱེད་ཀྱི་ཡོད་པས་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་དངོས་ཟོག་བརྒྱུད་སྐྱེལ་གྲུ་ཁ་གལ་ཆེན་ཞིག་ཏུ་གྱུར་ནས་ས་ཁོངས་དཔལ་འབྱོར་ལ་གསོན་ཤུགས་གསར་པ་དང་སྒུལ་ནུས་ཆེན་པོ་ཞིག་བསྣན་ཡོད། འདི་ནི་2025ལོའི་ཟླ་9ཚེས་1ཉིན། ཧྲན་ཏུང་ཞིང་ཆེན་རུང་ཁྲེང་གྲོང་ཁྱེར་ཧྲི་ཏའོ་གྲུ་ཁ་གསར་པའི་འགག་སྒོར་རྒྱལ་སྒྲོལ་དྲ་ཐོག་ཚོང་དོན་གྱི་དངོས་ཟོག་བྱུར་བུར་བླུགས་པའི་ཕྱི་རྒྱལ་གྱི་གྲུ་གཟིངས་གྲུ་ཁར་བཅར་ཏེ་དོས་སྒམ་འབེབས་བཞིན་པ།
འབྲེལ་ཡོད་གསར་འགྱུར།