དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་གྱིས“རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་། དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་གི་གཏམ་རྒྱུད་ཡག་པོ་བརྗོད”ཅེས་པའི་སྐོར་མཉམ་དུ་གླེང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-08

    ཉེ་ཆར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་རྒྱལ་སྤྱིའི་ཁྱབ་སྤེལ་རིག་གཞུང་བགྲོ་གླེང་ཚོགས་འདུ་པེ་ཅིང་སློབ་ཆེན་དུ་འཚོགས་པ་རེད། རྒྱལ་སྤྱིའི་ཁྱབ་སྤེལ་དང་སི་ནུའོ་ཞིབ་འཇུག་སོགས་ཁྱབ་ཁོངས་དང་འབྲེལ་བ་ཡོད་པའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས“རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་། དུས་རབས་གསར་པའི་ཀྲུང་གོ་དང་འཛམ་གླིང་གི་གཏམ་རྒྱུད་ཡག་པོ་བརྗོད”ཅེས་པར་དམིགས་ནས་མཉམ་དུ་བགྲོ་གླེང་བྱས་པ་རེད།

    ད་ཐེངས་ཀྱི་བགྲོ་གླེང་ཚོགས་འདུ་པེ་ཅིང་སློབ་ཆེན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་རྒྱལ་སྤྱིའི་ཁྱབ་སྤེལ་ཅུས་སོགས་ཚན་པས་གཙོ་གཉེར་བྱས་པ་རེད། “སི་ནུའོ་རྒྱལ་སྤྱིའི་མཁས་དབང”གི་རྣམ་གྲངས་དང་། “རྒྱལ་སྤྱིའི་མཛའ་གྲོགས་ཞིབ་འཇུག”གྲངས་གཞིའི་མཛོད་འཛུགས་སྐྲུན་རྣམ་གྲངས། “དུས་རབས་གསར་པའི་སི་ནུའོ”གོ་ལ་ཧྲིལ་པོའི་སྨྱན་སྦྱོར་བཅར་འདྲི་འཆར་གཞིའི་རྣམ་གྲངས་བཅས་བགྲོ་གླེང་ཚོགས་འདུའི་ཐོག་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།