2025ལོའི་རྒྱལ་རྩེའི་མདའ་མང་དུས་ཆེན་འགོ་ཚུགས་པ།
ཚེས་6ཉིན། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་གིས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བ་དང་2025ལོའི་རྒྱལ་རྩེའི་མདའ་མང་དུས་ཆེན་འགོ་ཚུགས་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་མདའ་མང་དུས་ཆེན་ཟླ་9ཚེས་11ཉིན་བར་གཏོང་རྒྱུ་ཡིན་ཞིང་། དེའི་རིང་སྲོལ་རྒྱུན་གྱི་རྟ་རྒྱུག་དང་། གཡག་རྒྱུག རིག་རྩལ་སྐོང་འཁྲབ་སོགས་ལྟད་མོ་ཆེ་བའི་བྱེད་སྒོ་སྤེལ་བ་ཕུད། ད་དུང“ས་མཐོའི་སྤུས་ལེགས་ནས་དང་རྒྱལ་རྩེའི་ནས་བཟང”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ནས་ཀྱི་ཞིམ་ཟས་འདུ་ཚོགས་ཤིག་སྤེལ་ཏེ། སྲོལ་རྒྱུན་དང་དེང་རབས་ཁྲོད་རྒྱལ་རྩེའི་ནས་ཀྱི་ཁྲོམ་རའི་གསོན་ཤུགས་གསར་པ་འཕེལ་བར་བྱས་ཡོད། འདི་ནི་མདའ་མང་དུས་ཆེན་གྱི་ལྟད་མོ་ཆེ་ཤོས་ཡིན་པ་སྟེ། རྟ་རྒྱུག་འགྲན་བསྡུར་ཁྲོད་རྟ་པ་ཚོས་རྟ་ཕོ་ལྕག་གིས་སྐུལ་ནས་ཨང་དང་པོ་བརྩོན་ལེན་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།