གཞིས་རྩེ་གྲོང་ཁྱེར་གྱི“ཁྲལ་འཇལ་བུན་གཏོང”གི་དངུལ་ཐོག་མ་སྤྲད་པ།
ཉེ་ཆར། བོད་ལྗོངས་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་ཕྲན་ཚེགས་ཁེ་ལས་ཤིག་ལ་ཡིད་རྟོན་དངུལ་འབོར་སྒོར་ཁྲི་200ཡི“ཁྲལ་འཇལ་བུན་གཏོང”ལ་ཞིབ་བཤེར་ཆོག་མཆན་སྤྲད་པ་དེ་ཐོག་ནས་གྲོང་ཁྱེར་ཡོངས་ཀྱི“ཁྲལ་འཇལ་བུན་གཏོང”དངོས་སུ་དོན་འཁྱོལ་ཐུབ་པ་མཚོན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན།“ཁྲལ་འཇལ་བུན་གཏོང”ནི་ཁྲལ་འཇལ་ཟིན་ཐོ་ལེགས་པའི་ཕྲན་ཚེགས་ཁེ་ལས་ལ་ཁྱབ་གདལ་བཏང་བའི་ཡིད་རྟོན་ཁོ་ནར་གཞིགས་པའི་དངུལ་བུན་ཤིག་རེད། དེར་ཕྲན་ཚེགས་ཁེ་ལས་ཀྱི“དུས་ཐུང་དང་། ཉུང་བ། ཐེངས་གྲངས་མང་བ། འཕྲལ་མཁོ”བཅས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོར་དམིགས་ནས། དངུལ་འབོར་མང་བ་དང་། དུས་བཀག་རིང་བ། ཞིབ་བཤེར་ཆོག་མཆན་གྱི་དུས་ཚོད་མགྱོགས་པ། མ་ལག་གིས་རང་འགུལ་ངང་དངུལ་བུན་གཏོང་བ་སོགས་ཀྱི་ཁྱད་ཆོས་ལྡན་ཞིང་། དེའི་དམིགས་ཡུལ་ནི་ཕྲན་ཚེགས་ཁེ་ལས་ཀྱི་མ་དངུལ་འཁོར་རྒྱུག་གི་དཀའ་གནད་བསལ་ཏེ་ཕྲན་ཚེགས་ཁེ་ལས་གཉེར་སྐྱོང་བྱེད་རིང་གི་མ་དངུལ་གྱི་གནོན་ཤུགས་ཆུང་དུ་བཏང་ནས་ཕྲན་ཚེགས་ཁེ་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱ་ཆེད་རེད།
2025ལོའི་ཟླ་དྲུག་པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་ཀུན་ཕན་དངུལ་རྩའི་ཁྱབ་ཁོངས་སུ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་178.32བཏང་བ་དེ་དུས་མཚུངས་ལས་13.07%འཕར་ཡོད། ཀུན་ཕན་ཕྲན་ཚེགས་ཁེ་ལས(སྒོར་ཁྲི་1000མན)ཀྱི་དངུལ་བུན་གྱི་ལྷག་གྲངས་སྒོར་དུང་ཕྱུར་86ཟིན་པ་དེ་དུས་མཚུངས་ལས་25%འཕར་ཡོད།
འབྲེལ་ཡོད་གསར་འགྱུར།