དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོཌ་པའི་གྲོང་སྡོད་ལས་དོན་རུ་ཁག་གིས།

    ཞིང་འཕྲུལ་ཞལ་འདེབས་བརྒྱབ་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-08

    ཉེ་དུས། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་གྲོས་སྣ་གྲོང་ཚོར་བཅའ་སྡོད་རང་སྐྱོང་ལྗོངས་རྒྱ་གྲམ་དམར་རྟགས་ཚོགས་པའི་ལས་དོན་རུ་ཁག་གིས་གྲོང་ཚོར་བརྔ་བསྡུ་གཅིག་འཐུས་འཕྲུལ་འཁོར་གསར་རྐྱང་ཞིག་གི་ལག་རྟགས་ཤིག་འཁྱེར་ཡོད།

    གྲོས་སྣ་གྲོང་ཚོ་ནི་ཞིང་འབྲོག་ལས་ཐོན་ལས་གཙོ་བོར་བྱེད་པ་དང་སྔོན་ཆད་སྟོན་བསྡུའི་སྐབས་མི་ཐབས་ལ་བརྟེན་དགོས་པས་དུས་ཚོད་དང་མི་ཤུགས་མང་པོ་གཏོང་དགོས་པ་མ་ཟད། ནུས་ཕྱོད་ཀྱང་ཆེན་པོ་མེད་པའི་ཁར་རྒྱུན་དུ་གནམ་གཤིས་ཀྱི་འགྱུར་ལྡོག་དབང་གིས་ལོ་ཏོག་མང་པོ་འཕྲོ་བརླག་ཕྱིན་ནས། ཡུལ་མིའི་འབབ་འཕར་དང་ཞིང་ལས་ཀྱི་སྤུས་ཚད་མཐོར་གཏོང་ལ་ཤུགས་རྐྱེན་ཚབས་ཆེན་བཟོ་ཡི་ཡོད། གྲོང་སྡོད་ལས་དོན་རུ་ཁག་གིས་དུད་ཚང་དུ་བསྐྱོད་ནས་འཚམས་འདྲི་དང་། བཞུགས་མོལ། བརྟག་ཞིབ་བཅས་བྱས་པ་བརྒྱུད་དཀའ་གནད་དེ་ཤེས་རྟོགས་བྱུང་བ་རེད། གྲོང་ཁྱེར་དང་རྫོང་ཞིང་ལས་གྲོང་གསེབ་ཅུས་ཀྱི་རྒྱབ་སྐྱོར་འོག གྲོང་སྡོད་ལས་དོན་རུ་ཁག་གིས་ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་དང་འབྲེལ་གཏུག་མཐུན་སྦྱོར་བྱས་མཐར་གྲོས་སྣ་གྲོང་ཚོར་རིན་ཐང་སྒོར་ཁྲི་25རི་བའི་བརྔ་བསྡུ་གཅིག་འཐུས་འཕྲུལ་འཁོར་ཞིག་བརྩོན་ལེན་ཐུབ་པ་རེད།

    བརྔ་བསྡུ་གཅིག་འཐུས་འཕྲུལ་འཁོར་བེད་སྤྱོད་བྱས་པ་ལས་བརྔ་བསྡུའི་ལས་ཕྱོད་ཆེ་རུ་དང་འབྲུ་རིགས་འཕྲོ་བརླག་ཏུ་འགྲོ་ཚད་ཉུང་དུ་ཕྱིན་པ་ཏེ། མུའུ་རེ་ནས་འབྲུ་རིགས་འཕྲོ་བརླག་འགྲོ་ཚད་5%ཉུང་དུ་ཕྱིན་པར་བརྩིས་ན། གྲོང་ཚོ་ཡོངས་ཀྱིས་ལོ་ལྟར་འབྲུ་རིགས་སྤྱི་རྒྱ་2000ཙམ་ཉར་ཚགས་ཐུབ་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།