དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་ཐེངས་35པ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2025-09-08

    ཉེ་ཆར“བློ་སྒྲིལ་སེམས་སྐྱེད་ཀྱིས་མཉམ་དུ་རྟེན་འབྲེལ་ཞུ། མཐུན་སྒྲིལ་འབད་འབུངས་ཀྱིས་ལེའུ་གསར་རྩོམ་པར་འབད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་ཟླ་བ་ཐེངས་35པའི་བྱེད་སྒོ་ལྷ་སར་འགོ་ཚུགས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་བསོད་ནམས་ཉི་མ་ཞུགས་པ་དང་འབྲེལ་བྱེད་སྒོའི་ཟླ་བ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་ཀྲི་ཐའོ་ཡིས་ཤིས་ཚིག་གསུངས་པ་རེད།

    འགོ་ཚུགས་མཛད་སྒོ་ཚོགས་ཡུལ་དུ་བསོད་ནམས་ཉི་མ་དང་ཞུས་ཀྲི་ཐའོ་ཡིས་སྐབས་བདུན་པའི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་པར་ལེན་དང་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན་གྱི་བྱ་དགའ་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ཐོབ་མཁན་ལ་གཟི་བརྗིད་ལག་ཁྱེར་དང་བྱ་དགའ་གནང་བ་རེད། བསོད་ནམས་ཉི་མས་བྱེད་སྒོ་དངོས་སུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་དང་ཆབས་ཅིག རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་བྱེད་སྒོའི་ཟླ་བ་35པ་ཕྱོགས་ཡོངས་ནས་སྤེལ་འགོ་ཚུགས་པ་རེད།

    ཞུས་ཀྲི་ཐའོ་ཡིས་ཤིས་ཚིག་གསུང་སྐབས། མི་རིགས་མཐུན་སྒྲིལ་ནི་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་རྩ་དང་བོད་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་རྩ་བའི་འགན་སྲུང་རེད། ང་ཚོས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་པ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ“འདུ་འགོད་ཆེན་པོ་བཞི”དང“བྱ་སྤྱོད་ཁག་དྲུག”ལ་དམ་པོར་དམིགས་ནས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་དངོས་སུ་སྐྲུན་པ་དང་། ཀྲུང་ཧྭའི་རིག་གནས་ཀྱི་ངོས་འཛིན་ཟབ་ཏུ་གཏོང་བ། མི་རིགས་མཐུན་སྒྲིལ་དྲིལ་བསྒྲགས་སློབ་གསོ་སེམས་ནང་ཏན་ཏིག་ཟུག་པ་བཅས་བྱས་ཏེ། མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་དང་གསོན་ཉམས་ལྡན་པའི་སྒོ་ནས་བརྗོད་དགོས་པ་དང་། མི་རིགས་ཁག་གི་མི་དམངས་རྣམས་ལ་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་ཁུར། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུར་ཁྲིད་སྟོན་བྱས་ཏེ། རྒྱ་ཁྱབ་ངང་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་བྱེད་པའི་ཁྲོད་བརྩེ་དུང་ཟབ་ཏུ་བཏང་ཐོག ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་གི་རྨང་གཞི་སྔར་བས་བརྟན་དུ་དང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གངས་ལྗོངས་ས་མཐོའི་ཕྱོགས་གང་སར་བཞད་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།