དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ཆིང་ཏའོ་ཡི་སྨན་བཅོས་བོད་སྐྱོར་གྱིས་ས་མཐོའི་ནད་རིཌ་སྐྱོབ་བཅོས་རྣམ་གྲངས་ཁག་གཉིས་པ་སྤེལ་འགོ་ཚུཌ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2025-09-08

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། 2025ལོའི“རི་མཚོ་མཉམ་དུ་འདྲེས། བརྩེ་སེམས་ཆེན་པོ་བཅངས། ཆིང་ཏའོ་གྲོང་ཁྱེར་གྱི་བོད་སྐྱོར་སྤྱི་ཕན་རྣམ་གྲངས་དང་ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་འཛུཌ་སྨན་ཁང་གི‘ས་མཐོའི་ནད་རིགས’སྐྱོབ་བཅོས་རྣམ་གྲངས”ཁག་གཉིས་པ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་དུ་དངོས་སུ་སྤེལ་འགོ་ཚུགས་པ་རེད།

    མཛད་སྒོའི་ཐོག ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་འཛུགས་སྨན་ཁང་དང་བསམ་གྲུབ་རྩེ་ཆུས་ལྟེ་བའི་སྨན་ཁང་གིས་རེས་སྐོར་གསར་པའི་མཉམ་ལས་གྲོས་མཐུན་ལ་མིང་རྟགས་བཀོད་དེ། ཕྱོགས་གཉིས་པོས་རྒྱང་ཁྲིད་མཉམ་བསྡུས་ནད་དཔྱད་དང་། ས་གནས་དེ་གའི་ཤེས་ལྡན་པ་གསོ་སྐྱོང་། ལག་རྩལ་རོགས་སྐྱོར་སོགས་ཀྱི་མཉམ་ལས་ཟབ་ཏུ་བཏང་ནས། སྨན་བཅོས་རོགས་སྐྱོར་དེ“དུས་ཐུང་རོགས་སྐྱོར”ནས“ཕུགས་ཕན་མཉམ་སྐྲུན”དུ་སྒྱུར་བར་སྐུལ་འདེད་གཏོང་བ་དང་། “གཞན་བརྟེན”ནས“རང་བརྟེན”དུ་རིམ་སྤོར་ཐུབ་པར་བྱ་རྒྱུ་རེད། ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་འཛུགས་སྨན་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་སྤྱི་ཁྱབ་ཡོན་ཀྲང་ཡུས་ཐེང་པོ་ཡིས། སྨན་ཁང་གིས་ཆེད་ལས་ལེགས་ཆ་མུ་མཐུད་བཏོན་ནས་བསམ་གྲུབ་རྩེ་ཆུས་ཀྱི་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བར་རམ་འདེགས་བྱས་ཏེ། ས་མཐོའི་མང་ཚོགས་ཀྱི་བདེ་ཐང་སྲུང་གི་ཡིན་ཞེས་བརྗོད།

    ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་ཆིང་ཏའོ་གྲོང་ཁྱེར་རྒྱ་གྲམ་དམར་པོ་ཚོགས་པ་དང་། འཕྲོད་བསྟེན་བདེ་ཐང་ཨུ་ལྷན། བོད་སྐྱོར་ལས་བྱེད་ཤེས་ལྡན་པའི་ཚོགས་ཆུང་། ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་འཛུགས་སྨན་ཁང་བཅས་ཀྱིས་མཉམ་དུ་སྤེལ་བ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ས་མཐོའི་ས་ཁུལ་གྱི་མང་ཚོགས་ལ་རྒྱུན་མཐུད་དང་གནད་སྨིན་གྱི་སྨན་བཅོས་རྒྱབ་སྐྱོར་བྱ་ཆེད་རེད། ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་འཛུགས་སྨན་ཁང་གིས་རུས་ཚིགས་ཕྱི་བཅོས་ཚན་ཁག་དང་། སྦྲིད་སྨན་གཤགས་བཅོས་ཚན་ཁག ལུས་གསོའི་གསོ་རིག་ཚན་ཁག་སོགས་རིག་ཚན་མང་པོའི་རིགས་གཅིག་མཁས་ཅན་ཚོགས་པ་བོད་དུ་ལས་དོན་སྤེལ་བར་མངགས་ཤིང་། བོད་དུ་སྡོད་རིང་། སྨན་བཅོས་ཚོགས་པས་གཞིས་རྩེ་གྲོང་ཁྱེར་དུ་འོས་འགན་སྨན་བཅོས་དང་གྲལ་བཤེར་བྱས་པ་མ་ཟད། ནད་རྟགས་གཏན་འཁེལ་བྱས་པའི་ནད་པ་16ལ་རུས་ཚིགས་གཤགས་བཅོས་ཀྱང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བསོད་ནམས་དབང་འདུས།

འབྲེལ་ཡོད་གསར་འགྱུར།