དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • “ལྟེ་བའི་རིན་ཐང་ལྟ་བའི་འཆད་ཁྲིད་ཐེངས་བརྒྱ”ཡི་བྱེད་སྒོ་ཐེངས་162པ་པེ་ཅིང་དུ་སྤེལ་ནས་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་སྒྲོག་འགྲེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་དབྱང་དྲིལ་བསྒྲགས་པུའུ་དྲིལ་བསྒྲགས་སློབ་གསོ་ཅུས་དང་འོད་ཟེར་ཉིན་རེའི་ཚགས་པར་ཁང་གིས་མཉམ་དུ་གཙོ་གཉེར་བྱས་པའི“ལྟེ་བའི་རིན་ཐང་ལྟ་བའི་འཆད་ཁྲིད་ཐེངས་བརྒྱ”ཡི་བྱེད་སྒོ་ཐེངས་162པ་ཚེས་5ཉིན་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་དུ་སྤེལ་བ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་འཛམ་གླིང་ལོ་རྒྱུས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཁྲའོ་ཀོང་གིས《རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་གཏོད་དགོས》ཞེས་པ་འགོ་བརྗོད་དུ་འཁོད་པའི་གཏམ་བཤད་སྤེལ་བ་རེད།

    ཝང་ཁྲའོ་ཀོང་གིས་གསོན་ཉམས་དོད་པའི་ལོ་རྒྱུས་ཀྱི་གཏམ་རྒྱུད་དང་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཀྱི་དཔྱད་གཞིར་བརྟེན་ནས། རླབས་ཆེན་གྱི་རི་འགོག་དམག་འཁྲུག་གི་སྙིང་སྟོབས་ཀྱི་ནང་དོན་ཟབ་མོར་རྒྱས་བཤད་བྱས་ཤིང་། ཁོང་གིས། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་ལ“ལོ་རྒྱུས་ཀྱི་ཁྱད་ཆོས་ལྡན་པ་མ་ཟད། དུས་རབས་ཀྱི་རིན་ཐང་དེ་བས་ལྡན་ཡོད”ཅེས་བརྗོད་པ་རེད།

    ཝང་ཁྲའོ་ཀོང་གིས། བསམ་བློའི་སྟོབས་ཤུགས་ཆེན་པོའི་འདེགས་སྐྱོར་ལས། ཀྲུང་གོ་མི་དམངས་ཀྱིས་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་དམར་འཛིང་མཐའ་འཁྱོལ་བྱས་ཏེ། གདུག་རྩུབ་ཆེ་བའི་རི་པིན་དམག་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་ཕམ་པར་བྱས་ནས། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་ལ་རྒྱལ་ཁ་རླབས་པོ་ཆེ་བླངས་པ་མ་ཟད། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་ཤར་ཕྱོགས་ཀྱི་གཡུལ་ས་གཙོ་བོ་བཏོད་ནས། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བའི་ངོས་འཛིན་བྱས།

    ཝང་ཁྲའོ་ཀོང་གིས། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་ནི་རི་འགོག་དམག་འཁྲུག་གི་དུས་སྐབས་སུ་ཆགས་ཤིང་། རི་འགོག་དམག་འཁྲུག་གི་དུས་སྐབས་སུ་དར་བ་ཞིག་རེད། དེའི་ཁྲག་རྒྱུན་ད་བར་རྒྱུན་མཐུད་ཡོད་པས། དེ་ནི་ང་ཚོས་སྟོབས་ཤུགས་གཅིག་སྒྲིལ་གྱིས་རྒྱལ་ཁབ་སྟོབས་ཆེན་དང་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་གཏོད་པའི་བསམ་པའི་འབྱུང་རྩ་རེད། མིག་སྔའི་དུས་བབ་འགྱུར་ལྡོག་མང་ཞིང་རྙོག་འཛིང་ཆེ་བ་དང་། འགྲན་སློང་དང་གོ་སྐབས་མཉམ་དུ་གནས་པས། ང་ཚོས་དེ་བས་ཀྱང་རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་དང་། ལོ་རྒྱུས་ཀྱི་གདེང་ཚོད་དང་བསམ་པའི་ལྕགས་རི་རིང་པོ་བརྟན་དུ་གཏོང་བ། རྒྱལ་གཅེས་ཀྱི་བསམ་པ་དར་སྤེལ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་འབད་འཐབ་བྱེད་དགོས་ཞེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།