ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཟླ་བ་9པར་རྒྱལ་ཡོངས་སུ་སྤེལ་རྒྱུ་ཡིན་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་གསར་འགོད་པར་ཤེས་རྟོགས་བྱུང་བར། ཉེ་ཆར། མི་སྤྱི་པུའུ་གཞུང་དོན་ཐིང་གིས་བརྡ་ཐོ་བཀྲམ་སྟེ། ལས་ཞུགས་སྲིད་ཇུས་དྲིལ་བསྒྲགས་ཟླ་བའི་བྱེད་སྒོ་ཟླ་བ་9པར་རྒྱལ་ཡོངས་སུ་སྤེལ་རྒྱུའི་གཏན་འཁེལ་བྱས་ཤིང་། བྱེད་སྒོ་དེ་བརྒྱུད། སྲིད་ཇུས་ཀྱི་ཁྱབ་རྒྱ་ཆེ་རུ་དང་། ཤེས་རྟོགས་ཐུབ་ཚད་དང་དོན་འཁྱོལ་བྱེད་ཚད་མཐོ་རུ་བཏང་སྟེ། ངལ་རྩོལ་པ་དང་མི་སྤྱོད་སྡེ་ཚན་གྱི་ཐོབ་སྣང་ཆེ་རུ་ཏན་ཏིག་གཏོང་རྒྱུ་རེད།
བྱེད་སྒོས་སྲིད་ཇུས་ཞབས་ཞུའི་གསལ་ཐོ་ཆ་ཚང་གསེད་བཀྲོལ་དང་། རྒྱུན་མཐུད་ཀྱི་དྲིལ་བསྒྲགས་དང་གསལ་འགྲེལ་སྒྲིག་འཛུགས། དོན་འཁྱོལ་བྱ་སྤྱོད་རབ་དང་རིམ་པ་སྤེལ་བ། མ་ལག་ཅན་གྱི་འདུས་གྲུབ་ཞབས་ཞུ་མཁོ་འདོན། སྔོན་ཐོན་གྱི་དཔེ་མཚོན་འབོར་ཆེན་འདེམས་པ། སྣ་མང་ཅན་གྱི་དྲིལ་བསྒྲགས་ལས་སྟེགས་ཡག་པོ་སྤྱོད་པ་བཅས་ལས་འགན་ཁག་6ལ་དམིགས་རྒྱུ་ཡིན་ཞིང་། དེའི་ནང་ལས་ཞུགས་སྲིད་ཇུས་གླིང་ཁུལ་དང་། ཁེ་ལས། སློབ་གྲྭ སྡེ་ཁུལ་བཅས་སུ་ཁྱབ་གདལ་གཏོང་བ་དང། སྲིད་ཇུས་དྲིལ་བསྒྲགས་བྱ་ཡུལ་ལ་ངོ་ཐུག་གདོང་འཕྲད་ཀྱིས་ལས་ཞུགས་སྲིད་ཇུས་ངོ་སྤྲོད་བྱས་ནས། ལས་ཞུགས་ཀྱི་ཞབས་འདེགས་ཞུ་རྒྱུ་དང་ཆབས་ཅིག “སྲིད་ཇུས་ཀྱི་ཞབས་འདེགས་ཁུག་མ”ཁྱབ་སྤེལ་གཏོང་བ་དང་རང་མིང་འགོད་པའི་རོགས་སྐྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། ལས་ཞུགས་ཐད་དཀའ་ངལ་ཡོད་པའི་མི་སྣར་རང་གཤིས་ཅན་གྱི་རོགས་སྐྱོར་ཇུས་གཞི་བཟོ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།