དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞིང་ལས་དང་གྲོང་གསེབ་པུས་སྟོན་དུས་ཀྱི་ཞིང་སོན་ཁྲོམ་རའི་ཞིབ་བཤེར་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-07

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན། གསར་འགོད་པར་ཞིང་ལས་དང་གྲོང་གསེབ་པུའུ་ནས་ཤེས་རྟོགས་བྱུང་བར། སྟོན་དུས་དང་དགུན་དུས་ཀྱི་ཐོན་སྐྱེད་ས་བོན་གྱི་བདེ་འཇགས་ལ་འགན་ལེན་བྱ་ཆེད། ཉེ་ཆར། ཞིང་ལས་དང་གྲོང་གསེབ་པུས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་སྟོན་དུས་ཀྱི་ཞིང་སོན་ཁྲོམ་རའི་ཞིབ་བཤེར་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཞིང་ལས་དང་གྲོང་གསེབ་པུས་ཧོ་ནན་དང་། ཧུའུ་ནན། ཅང་ཤིས་སོགས་ས་བོན་བེད་སྤྱོད་གཙོ་གནད་ས་ཁུལ་དུ་ལས་དོན་ཚོགས་ཆུང་ཁག་ལྔ་ལྟ་སྐུལ་མཛུབ་ཁྲིད་བྱེད་པར་མངགས་ཏེ། ས་གནས་ས་ཐོག་ཏུ་ལྟ་འདོམས་ཁྲིམས་སྒྱུར་བྱེད་པ་དང་། རྫུན་ལྷད་ཞན་གསུམ་གྱི་ས་བོན་དང་བྱང་རྟགས་རྫུན་འགེལ་གྱིས་དབང་ཆར་བཙན་གནོད་བྱེད་པ། ལག་ཁྱེར་མེད་པར་ཐོན་སྐྱེད་གཉེར་སྐྱོང་བྱེད་པ་སོགས་ཀྱི་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་དང་རྡུང་རྡེག་གཏོང་བ། ཚད་ལོན་མེད་པའི་སོན་ཁྲོམ་རར་འདོན་པར་སྔོན་འགོག་ནན་པོ་བྱེད་པ། ཞིང་ལས་ཐོན་སྐྱེད་ཐད་སྤྱོད་པའི་སོན་གྱི་བདེ་འཇགས་ལ་འགན་སྲུང་ཏན་ཏིག་བཅས་བྱས་ནས། འདེབས་ཁྱོན་ཆེ་བའི་འབྲུ་རིགས་དང་པད་ཁའི་མུའུ་རེའི་ཐོན་འབབ་མང་དུ་འགྲོ་བར་འདེགས་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།