ཀྲུང་གོའི་འཕྲུལ་མི་ཕྱི་རྒྱལ་དུ་བྲིན་ཁ་རྒྱུག་པ།
འདི་ནི་ཀྲུང་ཐེ་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་50འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་ཀྲུང་ཐེའི་ཞབས་བྲོ་རྒྱག་མཁན་དང་ཀྲུང་གོའི་ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་འཕྲུལ་མིའི་མཉམ་པར་ཡིན་པ། (འདི་ག་ཚགས་པར་གྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་ལྟེ་བའི་ཡན་ལག་ཁང་གི་ཕུའུ་ལཱ་ཝེ་ཡིས་པར་བརྒྱབ)
ད་ལྟ་ཚོགས་བཞིན་པའི་2025ལོའི་རི་པིན་གྱི་ཏཱ་པན་འཛམ་གླིང་འགྲེམས་ཚོགས་ཐོག་ཡིའུ་པི་ཤོན་འཕྲུལ་མི་Walker Cཡིས་ཀྲུང་གོའི་འགྲེམས་ཁང་གི་རིག་ནུས“འགྲེམས་ཁྲིད་ཕོ་ཉ”དང་པོའི་འགན་འཁུར་ཞིང་། འདི་ནི་འཕྲུལ་མིས་ལྟད་མོ་བ་དང་ལག་པ་གཏོང་བཞིན་པ།(འདི་ག་ཚགས་པར་གྱི་རི་པིན་ཡན་ལག་ཁང་གི་ཀའོ་ཐེན་ཝེ་ཤི་ཡིས་པར་བརྒྱབ)
འདི་ནི་འཇར་མན་པོ་ལན་ཏེང་པའོ་བཟོ་ལས་སློབ་ཆེན་དུ་ཡུས་ཧྲུའུ་ཚན་རྩལ་གྱི་G1འཕྲུལ་མི“ཨེ་ཏི”ཡིས་བཟོ་སྐྲུན་ཚན་ཁག་གི་སློབ་མར་བཟོ་སྐྲུན་རྒྱུ་ཆ་དབོར་འདྲེན་དང་འདོན་འཇུག་བྱེད་རོགས་བྱེད་བཞིན་པ།(འདི་ག་ཚགས་པར་གྱི་ཡོ་རོབ་ལྟེ་བའི་ཡན་ལག་ཁང་གི་ཞའོ་ཅིན་གྱིས་པར་བརྒྱབ)
འདི་ནི་སར་པི་ཡའི་རྒྱལ་ས་པེར་ཀེ་རེ་ཏེའི་སྒོ་རྩིས་ཚོང་ཁང་ཞིག་གི་ནང་། ས་གནས་དེ་གའི་འཛད་སྤྱོད་པ་དང་ཀྲུང་གོས་ཞིབ་འཇུག་གསར་སྤེལ་བྱས་པའི་འཕྲུལ་མི་ཕན་ཚུན་མཉམ་འགུལ་བྱེད་བཞིན་པ། (འདི་ག་ཚགས་པར་གྱི་དབྱི་ཐ་ལི་ཡན་ལག་ཁང་གི་ནེ་མཱ་ཉི་ཡ·གཱ་པུའུ་ལི་ཆི་ཡིས་པར་བརྒྱབ)
འདི་ནི་ཀྲུང་གོའི་ཁེ་ལས་ཐེ་སེ་ལེན་གྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་རིག་ནུས་འཕྲུལ་མིས་ཨ་རབ་མཉམ་འབྲེལ་མོ་ཧན་མོ་ཏེ·པེན·ལཱ་ཤིས་ཏེ་དཔེ་མཛོད་ཁང་དུ་ཀློག་པ་པོར་ཞབས་འདེགས་ཞུ་བཞིན་པ། (འདི་ག་ཚགས་པར་གྱི་འཛམ་གླིང་དབུས་ཤར་ས་ཁུལ་ལྟེ་བའི་ཡན་ལག་ཁང་གི་ཨའོ་མཱར·ཧ་ལི་ལེ་ཡིས་པར་བརྒྱབ)
འདི་ནི་མོ་ཞི་ཁོའི་རྒྱལ་ས་མོ་ཞི་ཁོ་གྲོང་ཁྱེར་གྱི་ཟ་ཁང་ཞིག་གི་ནང་། ཀྲུང་གོས་བཟོས་པའི་ཟས་སྐྱེལ་འཕྲུལ་མི་ཞིག་ལས་མི་ཚོའི་ལས་རོགས་བཟང་པོར་གྱུར་པ། (འདི་ག་ཚགས་པར་གྱི་མོ་ཞི་ཁོའི་ཡན་ལག་ཁང་གི་ཨེ་ནེ་སི་ཐུའོ·ཏུའོ་མིང་ཀེ་སི་ཡིས་པར་བརྒྱབ)
ཉིན་ཤས་གོང་། 2025ལོའི་འཕྲུལ་མིའི་འཛམ་གླིང་བུམ་པའི་འགྲན་བསྡུར་པར་ཙིར་གྱི་སར་ཝ་ཏོལ་དུ་འཚོགས་ཤིང་། འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་པེ་ཅིང་མྱུར་འཕེལ་ཚན་རྩལ་ཚད་ཡོད་ཀུང་སིའི་འཐུས་མི་ཚོགས་པས་ཞིབ་འཇུག་གསར་སྤེལ་བྱས་པའི་འཕྲུལ་མི་འགྲན་བསྡུར་ལ་ཞུགས་བཞིན་པ། (འདི་ག་ཚགས་པར་གྱི་ལ་ཏིང་མེ་གླིང་ལྟེ་བའི་ཡན་ལག་ཁང་གི་ཁེ་ལའོ་ཏི་ཡཱ·མར་ཐི་ཉི་ཡིས་པར་བརྒྱབ)
འདི་ནི་ཉིན་ཤས་གོང་འཚོགས་པའི་2025ལོའི་མུའུ་ཉི་ཧེ་རྒྱལ་སྤྱིའི་འཕྲུལ་མི་དང་དེ་བཞིན་རང་འགུལ་ཅན་འགྲེམས་ཚོགས་ཐོག འཇར་མན་གྱི་སུག་བཞི་འཕྲུལ་མི་ཀུང་སིའི་ལས་དོན་པས་ཡུས་ཧྲུའུ་ཚན་རྩལ་གྱི་འཕྲུལ་ཁྱིའི་ཐོན་རྫས་སྟོན་བཞིན་པ། (འདི་ག་ཚགས་པར་གྱི་ཡོ་རོབ་ལྟེ་བའི་ཡན་ལག་ཁང་གི་དབྱི་ལིན་གྱིས་པར་བརྒྱབ)
འདི་ནི་མའེ་ཝེ་འཕྲུལ་མིའི་ཚན་རྩལ(ཧྲེན་ཀྲེན)ཚད་ཡོད་ཀུང་སིས་ཞིབ་འཇུག་གསར་སྤེལ་བྱས་པའི་རིག་ནུས་འཕྲུལ་མིས་ཁོ་ཝེ་ཐེའི་ཟོག་འགྲེམས་ཁེ་ལས་ཤིག་ཏུ་དངོས་ཟོག་དབོར་བཞིན་པ། (ཨའེ་ཧ་མའེ་ཏེ·ཨའེ་མན་གྱིས་པར་བརྒྱབ)
འདི་ནི་ཉིན་ཤས་གོང་འཛམ་གླིང་འཕྲུལ་མིའི་སྤྱི་ཁྱབ་མནའ་འབྲེལ་གྱིས་ཀྲུང་གོའི་འཕྲུལ་ཁྱིའི་རུ་ཁག་ཁྲིད་དེ་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་ཀྱི་ཉེན་རྟོག་པའི་དུས་ཆེན་གྱི་བྱེད་སྒོར་ཞུགས་བཞིན་པ། (ཅེ་ཁེ་ཡིས་པར་བརྒྱབ)
རྒྱལ་སྤྱིའི་གྲངས་གཞིའི་ཀུང་སིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། 2024ལོར། ཀྲུང་གོའི་བཟོ་གྲྭས་གོ་ལ་ཧྲིལ་པོའི་ཚོང་སྤྱོད་ཞབས་ཞུའི་འཕྲུལ་མིའི་ཁྲོམ་རའི་གཙོ་ཁྲིད་གནས་བབ་བཟུང་ཞིང་། ཚོང་ཟོག་ཕྱིར་གཏོང་གི་བསྡུར་ཚད་84.7%ཟིན་ནས་གཞི་ཁྱོན་གྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད་པ་རེད། ད་ཆ་ལེགས་ཆ་དེ་རྒྱལ་སྤྱིའི་ལས་སྟེགས་ཐོག་གི་སྣ་མང་ཉེར་སྤྱོད་དུ་མགྱོགས་མྱུར་འགྱུར་བཞིན་ཡོད། པར་ཙིར་གྱི་འཕྲུལ་མིའི་འཛམ་གླིང་བུམ་པའི་འགྲན་བསྡུར་ཐོག་འགྲན་རྩོད་དྲག་པོ་བྱས་པ་ནས་རི་པིན་གྱི་ཏཱ་པན་འཛམ་གླིང་འགྲེམས་ཚོགས་ཀྲུང་གོའི་འགྲེམས་ཁང་གི“འགྲེམས་ཁྲིད་ཕོ་ཉའི”བར་དང་། ཁུ་ཝེ་ཐེའི་ཟོག་འགྲེམས་ཁེ་ལས་ལ་དངོས་ཟོག་དབོར་རོགས་བྱས་པ་ནས་འཇར་མན་གྱི་མཐོ་སློབ་ལ་རམ་འདེགས་བྱས་ནས་བཟོ་བཀོད་ཇུས་འགོད་ལེགས་སྒྲུབ་བྱས་པའི་བར་ལ་སོགས་ཕུལ་དུ་བྱུང་བའི་ནུས་པ་དང་གསར་གཏོད་ཀྱི་ལག་རྩལ་ལ་བརྟེན་ནས་ཀྲུང་གོའི་ཞབས་ཞུའི་འཕྲུལ་མི་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་དང་། སྤྱི་པའི་ཞབས་ཞུ། ཟོག་འགྲེམས་བཀར་འཇུག རིག་གནས་སློབ་གསོ་བཅས་ཀྱི་འཐབ་ས་དང་པོར་རྒྱུན་ཆད་མེད་པར་ཞུགས་ནས། གོ་ལ་ཧྲིལ་པོའི་འཛད་སྤྱོད་པར་དེ་བས་རིག་ནུས་ཅན་གྱི་ཞབས་འདེགས་ཞུ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།