མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་གྲོས་གཞི་གཙོ་བོར་སྒྲུབ་སྐུལ་བྱས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་སྒྲུབ་སྐུལ་ཚོགས་ཆུང་ཟི་ལིང་གྲོང་ཁྱེར་མོ་ཅ་ཀོའུ་གྲོང་ཚོར་བསྐྱོད་དེ“གྲོང་གསེབ་ཀྱི་བེད་མེད་དང་འབབ་དམའ་བའི་རྒྱུ་ནོར་གསོག་ཐེབས་སྐོར”གྱི་གྲོས་གཞི་གཙོ་བོར་དམིགས་ནས་སྒྲུབ་སྐུལ་གྲོས་མོལ་གྱིས་ས་གནས་ས་ཐོག་ཏུ་ལས་དོན་སྤེལ་ཚུལ་ལ་བརྟག་ཞིབ་བྱས་པ་མ་ཟད། བཞུགས་མོལ་ཚོགས་འདུ་ཡང་འཚོགས་ནས་གྲོས་གཞི་འདོན་མཁན་གྱི་གྲོས་གཞིའི་གནས་ཚུལ་ངོ་སྤྲོད་དང་། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གི་གྲོས་གཞི་སྒྲུབ་ཚུལ། དེ་བཞིན་ཟི་ལིང་གྲོང་ཁྱེར་གྱི་ཞིང་ལས་དང་གྲོང་གསེབ་ཅུས་དང་ཁྲེང་ཀྲུང་ཆུས་སྲིད་གཞུང་གི་འབྲེལ་ཡོད་ལས་དོན་ངོ་སྤྲོད་བཅས་ཉན་པ་རེད།
སྒྲུབ་སྐུལ་ཚོགས་ཆུང་གིས་གྲོས་གཞིའི་སྤུས་ཚད་དང་གྲོས་གཞི་སྒྲུབ་གཉེར་ལས་དོན་ལ་གདེང་འཇོག་གང་ལེགས་བྱས་ཡོད།
སྒྲུབ་སྐུལ་ཚོགས་ཆུང་གིས། གྲོང་གསེབ་ཀྱི་བེད་མེད་དང་འབབ་དམའ་བའི་རྒྱུ་ནོར་གསོག་ཐེབས་ནི་བརྒྱུད་རིམ་ལྡན་པའི་ལས་གྲྭ་ཞིག་ཡིན་པས་ངོས་འཛིན་ཟབ་ཏུ་གཏོང་བ་དང་དམ་འཛིན་ནན་པོ་བྱས་ཏེ། ཏང་ཀྲུང་དབྱང་དང་ཞིང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ཆ་ཚང་བ་དང་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་དང་ཡུལ་མིར་སྲིད་ཇུས་དྲིལ་བསྒྲགས་དང་གསལ་འགྲེལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས། བརྒྱུད་རིམ་ལྡན་པའི་ངང་གྲལ་བཤེར་དང་མཐིལ་རྟོགས་གསལ་པོ་བྱས་ཏེ། རིམ་དབྱེ་རིགས་དབྱེ་བྱས་ནས་གསེད་བཀྲོལ་དང་ཡིག་ཚགས་ནང་ཡག་པོ་འཇུག་པ་དང་བེད་མེད་དང་འབབ་དམའ་བའི་རྒྱུ་ནོར་གྱི་མ་གྲངས་འགུལ་རྣམ་དང་གནད་ལ་འཁེལ་པོས་ཁོང་དུ་ཆུད་པར་བྱེད་དགོས། དོན་དངོས་དང་ཟུང་འབྲེལ་དང་ལམ་བུ་རྒྱ་བསྐྱེད་དེ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་བེད་མེད་རྒྱུ་ནོར་བེད་སྤྱོད་ཀྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ། “བེད་མེད་ཐོན་ཁུངས”དེ“འབབ་ཁུངས”སུ་ཧུར་ཐག་འགྱུར་བར་བྱེད་དགོས། ཇུས་ཤུགས་མཉམ་འདོན་དང་མཐུན་སྦྱོར་ལ་སྐུལ་འདེད་བཏང་སྟེ། ཞིང་ཆེན་ཞིང་ལས་དང་གྲོང་གསེབ་ཐིང་གིས་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚད་ལྡན་ངང་ཁྲིད་སྟོན་བྱེད་པ། དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་འགན་གཙོ་ལས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཨུད་ཀྱིས་གྲོས་གཞི་སྒྲུབ་གཉེར་གྱི་འཕེལ་རིམ་གསར་པར་དོ་སྣང་དང་། གནད་དོན་གསར་པ་ཤེས་རྟོགས། གྲོས་འགོ་གསར་པ་འདོན་པ་བཅས་ལ་མུ་མཐུད་དོ་ཁུར་བྱེད་དགོས་པ་དང་། ཞིང་ཆེན་སྲིད་གྲོས་སྤྱི་ཚོགས་དང་ཁྲིམས་ལུགས་ཨུ་ལྷན་གྱིས་རྗེས་འདེད་ཕན་འབྲས་འདྲི་རྩད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་ཕན་ཚུན་གཞོགས་འདེགས་བྱས་ནས་མཉམ་ཤུགས་ཆགས་པར་བྱེད་པ་དང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་ཟམ་མི་ཆད་པར་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་གཏོང་དགོས་པའི་ནན་བཤད་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།