ཟི་ལིང་གིས“སྐྱེ་ཁམས་གཡུ་གཞོང”ཞེས་པའི་དམངས་ཡོངས་ལུས་སྦྱོང་གི་རྒྱལ་སྤྱིའི་རྐང་ཐང་འགྲན་བསྡུར་ཆེན་པོ་སྐབས་དང་པོ་གཉེར་བ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་བསྡུར་ལས་དོན་དོ་དམ་ལྟེ་གནས་ཀྱིས་མཛུབ་ཁྲིད་བྱས་པ་དང་ཟི་ལིང་གྲོང་ཁྱེར་ལུས་རྩལ་ཅུས་དང་གྲོང་ཤར་ཆུས་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་ཟི་ལིང་གི“སྐྱེ་ཁམས་གཡུ་གཞོང”ཞེས་པའི་དམངས་ཡོངས་ལུས་སྦྱོང་གི་རྒྱལ་སྤྱིའི་རྐང་ཐང་འགྲན་བསྡུར་ཆེན་པོ་སྐབས་དང་པོ་འགོ་ཚུགས་པ་རེད།
ད་ཐེངས་ཀྱི་བྱེད་སྒོས“ཤར་ཕྱོགས་སུ་སྐྱོད། ཚ་གཡོལ་ལུས་གསོ། སྐྱེ་ཁམས་ལྗང་མདོག རྐང་ཐང་ལ་སྤྲོ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། ས་མཐོའི་སྒོ་མོ་ཡིན་པའི་གྲོང་ཤར་ཆུས་ཀྱི་ས་བབ་ཀྱི་ལེགས་ཆ་དང་སྐྱེ་ཁམས་བར་མཐོངས་ཀྱི་ཐོན་ཁུངས་ལ་བརྟེན་ནས།“ཐར་ཧྲན་རི་བོའི་ནགས་ཚལ་དང་ཐར་ཧྲན་རི་བོའི་རང་བྱུང་མཛེས་ལྗོངས་ཉམས་ལེན་སྤྱི་གླིང་གི་རང་བྱུང་ལྟ་སྦྱོང་ལྟེ་གནས”ཞེས་པའི་སྤྱི་ལེ་8ཀྱི་འགྲན་ལམ་འཆར་འགོད་ཞིབ་ཚགས་བྱས་པས། འགྲན་ཞུགས་པ་ཚོས་རྐང་ཐང་མར་འགྲོ་བའི་ལམ་བར་དུ་ཐར་ཧྲན་རི་བོའི་ལམ་རྒྱུད་ཀྱི་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས་མྱོང་རོལ་ཐུབ་པ་མ་ཟད། སྔོ་ལྗང་གོས་ཀྱིས་བཀླུབས་པའི་ནགས་ཁྲོད་ནས་སྐྱེ་ཁམས་ལུས་གསོའི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་སྔར་བས་མྱོང་རོལ་ཐུབ་པ་དང་། ཟི་ལིང་གི་སྐྱེ་ཁམས་ཤེས་དཔལ་སྲོལ་གཏོད་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་ཚོར་ཐུབ་པ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།