ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་བྱ་ཐབས་ཁག་9བཏོན་ནས་རང་རྒྱལ་གྱིས་བཟོས་པའི་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་ལས་དོན་ལ་འགན་ལེན་བྱས་པ།
གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། བོད་ཀྱི་ཕྱི་ཕྱོགས་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་49.05ཟིན་ནས་12.6%འཕར་ཡོད། གྲུབ་འབྲས་འདིའི་ནང་ནུས་རྒྱུ་གསར་པའི་རླངས་འཁོར་ཕྱིར་གཏོང་བྱེད་ཚད་མངོན་གསལ་དོད་ཤོས་རེད། ཟླ་བ་དང་པོ་ནས་བདུན་པའི་བར། བོད་ཀྱི་འགག་སྒོ་ཁག་ནས་རླངས་འཁོར་8388ཕྱིར་གཏོང་བྱས་པར་ཚོང་དོན་རིན་ཐང་སྒོར་དུང་ཕྱུར་10.15ཟིན་པ་དེ་དུས་མཚུངས་ལས་38.6%དང་17.6%སོ་སོར་འཕར་ནས་འཕར་ཚད་མངོན་གསལ་དོད་པོ་ཡོད།
འབྲེལ་ཡོད་གསར་འགྱུར།