ཀྲུང་ཨུས་མཉམ་དུ་པར་ལེན་སྒྲིག་བཟོ་བྱས་པའི་གློག་བརྙན《དར་གོས་དམར་པོ》ཞེས་པ་སྟོན་གྲབས་ཡོད་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་ཨུས་མཉམ་དུ་པར་ལེན་སྒྲིག་བཟོ་བྱས་པའི་གློག་བརྙན《དར་གོས་དམར་པོ》ཞེས་པ་ཟླ་9ཚེས་6ཉིན་རྒྱལ་ཡོངས་ཀྱི་དྲ་ཐོག་གློག་བརྙན་ཁང་དུ་སྟོན་རྒྱུ་ཡིན་ཞིང་། གློག་བརྙན་དེའི་ནང་གསང་བའི་འཐབ་ཕྱོགས་སུ་ཕྱོགས་གཉིས་པོས་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་དང་དྲང་བདེན་སྲུང་བའི་གཏམ་རྒྱུད་བརྗོད་ཡོད།
ཚེས་4ཉིན་པེ་ཅིང་དུ་གློག་བརྙན་དེ་ཀྲུང་གོར་ཐོག་མར་སྟོན་པའི་བྱེད་སྒོ་གཉེར་བ་དང་བྱེད་སྒོའི་ཐོག་གསར་རྩོམ་ཚོགས་པས་གློག་བརྙན་དེ་ནི་ཀྲུང་ཨུས་མཉམ་དུ་གསར་རྩོམ་བྱས་པ་ཞིག་ཡིན་ཞིང་། ས་ཆ་མང་པོར་བསྐྱོད་ནས་པར་ལེན་བྱས་ཏེ་གྲང་ངར་ཁྲོད་སེམས་ཤུགས་དང་དད་སེམས་ལ་ཞུན་བརྡར་བྱས་པའི་བརྒྱུད་རིམ་མངོན་ཡོད། གློག་བརྙན་ནང་ཕྱོགས་གཉིས་ཀྱི་བློ་གྲོས་གཅིག་ཏུ་འདུས་ཡོད་ལ་དེ་ནི“ཀྲུང་ཨུའི་རིག་གནས་ལོའི”མངོན་མེད་ནུས་པ་གང་ལེགས་མཚོན་པ་དང་གློག་བརྙན་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ལག་ལེན་གསར་ཤོས་ཤིག་རེད་ཅེས་བརྗོད།
ཤེས་རྟོགས་བྱུང་བར་གཞིགས་ན། 《དར་གོས་དམར་པོ》ཞེས་པའི་གློག་བརྙན་དེ་ཟླ་2ཚེས་20ཉིན་ཨུ་རུ་སུར་བསྟན་པ་དང་དེར་དགའ་བསུ་ཆེན་པོ་ཐོབ་ཡོད། ལྟད་མོ་བ་ཚོས་གློག་བརྙན་གྱི“ནང་དོན་མི་སེམས་འགུག་པ”དང“འཁྲབ་རྩལ་ཡག་པའི”གདེང་འཇོག་བྱས་ཡོད། ལས་རིགས་གཅིག་པའི་མི་སྣས་གློག་བརྙན་དེ་ད་ཐེངས་ཀྲུང་གོའི་གློག་བརྙན་ཁང་དུ་སྟོན་རྒྱུ་བྱུང་བ་ལས་ཀྲུང་གོའི་ལྟད་མོ་བ་དེ་བས་མང་བས་ཨུ་རུ་སུའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཉམས་སུ་མྱོང་བ་དང་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་བརྟན་ཞིང་ཡུན་རིང་གི་མཛའ་གྲོགས་ཚོར་ཐུབ་པའི་ངོས་འཛིན་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།