བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་གནའ་ཤུལ་རིག་དངོས་ཆེད་དོན་འགྲེམས་སྟོན་བྱས་པ།
ཉེ་ཆར། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་ས་འོག་ནས་ཐོན་པའི་གནའ་ཤུལ་གྱི་རིག་དངོས་ཆེད་དོན་འགྲེམས་སྟོན་བྱས་ཏེ་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་ས་འོག་ནས་ཐོན་པའི་གནའ་ཤུལ་རིག་དངོས་ཐེངས་དང་པོ་འགྲེམས་སྟོན་བྱས་པ་རེད། ཆེད་དོན་འགྲེམས་སྟོན་དེར་བསྡོམས་མ་དཔེ་1289ཡོད་པ་དེ་དག་རྩ་ཆེའི་རིག་དངོས་དང་། ཡིག་ཚགས་ཀྱི་ཚད་ལྡན་ཡིག་ཆ། ལོ་རྒྱུས་བརྙན་པར། ལོ་རྒྱུས་ཡུལ་རྣམ་བཅས་ཀྱི་ཐོག་ནས་བསྟན་ཞིང་། རིག་དངོས་ལ་བརྟེན་ནས་གནས་ཚུལ་གླེང་བ་དང་རིག་དངོས་ལ་བརྟེན་ནས་ལོ་རྒྱུས་བདེན་དཔང་བྱས་ཏེ་བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་དཀའ་ཚེགས་ཆེ་བའི་དམག་འཁྲུག་དང་ཉམས་མེད་བྱས་རྗེས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་དང་། ཀྲུང་ཧྭའི་བུ་ཕྲུག་གི་བློ་བརྟན་ཞུམ་མེད་དང་དམར་འཛིང་མཐར་ཕྱིན་བྱས་པའི་མི་རིགས་ཀྱི་དཔའ་བོའི་རང་གཤིས། མི་རིགས་ཡོངས་ཀྱིས་རི་འགོག་དམག་འཁྲུག་རིང་ཀྲུང་གོ་གུང་ཁྲན་ཏང་གི་ངར་ལྕགས་ལྟ་བུའི་རྒྱབ་རྟེན་དང་སྲོག་ཤིང་ཀ་རྟེན་གྱི་ནུས་པ་བཅས་གང་ལེགས་མངོན་ཡོད།
ཆེད་དོན་འགྲེམས་སྟོན་དེ་ཀྲུང་གུང་ཅི་ལིན་ཞིང་ཨུད་དང་། ཅི་ལིན་ཞིང་ཆེན་མི་དམངས་སྲིད་གཞུང་། རྒྱལ་ཁབ་རིག་དངོས་ཅུས་བཅས་ཀྱིས་གཙོ་གཉེར་བྱས་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་ལོ་རྒྱུས་འགྲེམས་སྟོན་ཁང་དང་། ཅི་ལིན་ཞིང་ཆེན་རིག་དངོས་ཅུས། ཅི་ལིན་ཞིང་ཆེན་རྟེན་མཛོད་ཁང(བྱང་ཤར་རི་འགོག་མཉམ་འབྲེལ་དམག་དཔུང་གི་དྲན་གསོ་ཁང)བཅས་ཀྱིས་སྒྲུབ་འགན་འཁུར་བ། ཧེ་ལུང་ཅང་ཞིང་ཆེན་རིག་དངོས་དོ་དམ་ཅུས་དང་། ལེའོ་ཉིང་ཞིང་ཆེན་རིག་དངོས་ཅུས། ནང་སོག་རང་སྐྱོང་ལྗོངས་རིག་དངོས་ཅུས་བཅས་ཀྱིས་གཉེར་རོགས་བྱས་པ་རེད། འགྲེམས་སྟོན་དེ་སྤྱི་ཚོགས་ལས་རིགས་ཁག་ལ་ཕྱོགས་ནས་2026ལོའི་ཟླ་གཉིས་པ་བར་རིན་མེད་ངང་གཉེར་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།