མཚོ་སྔོན་ཞིང་ཆེན་གྱི་2025ལོའི“རྒྱལ་ཡོངས་ཀྱི་སྨན་རྫས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར”འགོ་ཚུགས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་གྱི་2025ལོའི“རྒྱལ་ཡོངས་ཀྱི་སྨན་རྫས་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར”སྤེལ་འགོ་ཚུགས་པ་དང་། དེའི་དམིགས་ཡུལ་ནི་སྤྱི་དམངས་ཀྱིས་བདེ་འཇགས་སྨན་སྤྱོད་སྐོར་གྱི་ཤེས་བྱ་དྲིལ་བསྒྲགས་དང་ཁྱབ་གདལ་ཤུགས་ཆེན་བཏང་ནས་སྤྱི་དམངས་ཀྱི་སྨན་རྫས་བདེ་འཇགས་ཀྱི་ཚན་རིག་དང་མཐུན་པའི་བྱང་ཚད་མཐོ་རུ་བཏང་སྟེ་བདེ་འཇགས་སྨན་སྤྱོད་ཀྱི་སྤྱི་ཚོགས་མཉམ་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུ་ཆེད་ཡིན་པ་རེད།
ད་ལོའི་དྲིལ་བསྒྲགས་གཟའ་འཁོར་ནང“སྨན་རྫས་བདེ་འཇགས། དམངས་ཆེད་ལྟ་འདོམས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་མཚོ་སྔོན་ཞིང་ཆེན་སྨན་རྫས་ལྟ་འདོམས་སྡེ་ཚན་གྱིས་ཚན་རིག་ཁྱབ་གདལ་གྱི་དཔྱད་གཞི་སྤྲོད་པ་དང་། དངོས་པོ་འགྲེམས་སྟོན། མཉམ་འགུལ་ལན་འདེབས་སོགས་ཀྱི་རྣམ་པ་བརྒྱུད། སྤྱི་དམངས་ལ་སྨན་རྫས་དང་། མཛེས་རྫས། སྨན་བཅོས་ཡོ་བྱད་བཅས་ཀྱི་འབྲེལ་ཡོད་བདེ་འཇགས་ཤེས་བྱ་ཁྱབ་གདལ་གཏོང་བ་དང་། སྤྱི་ཚོགས་ཀྱི་ལས་རིགས་ཁག་སྨན་རྫས་བདེ་འཇགས་ཀྱི་ལས་དོན་ནང་རྒྱ་ཁྱབ་ངང་ཞུགས་རྒྱུར་འབོད་སྐུལ་དང་སྐུལ་སློང་བྱེད་པ། སྤྱི་ཚོགས་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ། ཁེ་དབང་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་དམངས་ཀྱིས་ཚན་རིག་དང་མཐུན་པ་དང་། བདེ་འཇགས། ལུགས་མཐུན་བཅས་ཀྱི་སྒོ་ནས་སྨན་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། སྨན་རྫས་ལྟ་འདོམས་ཀྱི་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་ཞིག་མཉམ་དུ་གཏོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།