གོར་མོ་གྲོང་ཁྱེར་གྱིས་གཞུང་ཞབས་པ་ཐོ་འགོད་ལས་དོན་ཏན་ཏིག་བསྒྲུབས་པ།
མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གྱིས་གཞུང་ཞབས་པ་ཐོ་འགོད་ལས་དོན་ལ་གནད་ལ་འཁེལ་ཞིང་ཚད་དང་ལྡན་པའི་ངང་སྐུལ་འདེད་བཏང་ནས། ཐོ་འགོད་ཆ་འཕྲིན་ཡང་དག་པ་དང་བརྒྱུད་རིམ་ནུས་ཆེ་དང་གོ་རིམ་ལྡན་པའི་འགན་ལེན་བྱས་ཤིང་། ཟླ་8ཚེས་25ཉིན་བར། གཞུང་ཞབས་པ་79ཡི་ཐོ་འགོད་ལས་དོན་ལེགས་གྲུབ་བྱུང་བ་དང་ཐོ་འགོད་ཡང་དག་ཚད་100%ཟིན་ཡོད་པ་རེད།
གོར་མོ་གྲོང་ཁྱེར་གྱིས། ལས་སྒོའི་རྐང་འཛིན་པ་སྒྲིག་འཛུགས་བྱས་ནས《གཞུང་ཞབས་པའི་བཅའ་ཁྲིམས》དང་དེ་བཞིན་འབྲེལ་ཡོད་ཡིག་ཆ་དག་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་བྱས་རྗེས་ཐོ་འགོད་ཁྱབ་ཁོངས་དང་། ཆ་རྐྱེན། གོ་རིམ་སོགས་གཙོ་གནད་ཁག་20ལྷག་ཙམ་གསེད་བཀྲོལ་བྱས་ཏེ། གནད་དོན་གཙོ་བོའི་དེབ་ཅིག་བཟོས་ནས་སྲིད་ཇུས་ལག་བསྟར་གྱི་ཚད་གཞི་གཅིག་གྱུར་བྱས་པ་རེད། “ལེབ་བཤེར”བྱས་པའི་ཁར་སྒྲིག་ཁོངས་ཞིབ་དཔྱད་བརྡ་ཐོ་དང་ལས་བྱེད་པའི་ཡིག་ཚགས་སོགས་དཔྱད་ཡིག་དང་བསྡུར་ནས་མི་སྣའི་སྒྲིག་ཁོངས་ཀྱི་ངོ་བོ་དང་། བསྡུ་ལེན་བྱེད་སྟངས། ལས་འགན་འཁུར་ཡུན་སོགས་རེ་རེ་བཞིན་ཞིབ་དཔྱད་བྱས་རྗེས་མི་སྣའི་ཆ་འཕྲིན་གྱི་རྩིས་ཐོ་བཟོས་པ་རེད།
དེ་དང་ཆབས་ཅིག ཚོད་སྤྱོད་དུས་ཡུན་གྱི་དཔྱད་ཞིབ་བྱས་འབྲས་དང་། སྒྲིག་ཁོངས་ཀྱི་ངོ་བོ། སློབ་རྒྱུས་སྐོར་གྱི་ཆ་འཕྲིན་སོགས་ཆ་འཕྲིན་གཙོ་བོ་ཁག་6ལ་བསྐྱར་ཞིབ་བྱས་རྗེས། ཡིག་ཚགས་སྟེང་འཁོད་པའི་ཐོག་མའི་ཟིན་ཐོ་དང་རེ་རེ་བཞིན་ཞིབ་བསྡུར་བྱས་ཏེ་མཇུག་མཐའི་ཐོ་འགོད་ཆ་འཕྲིན་དང་ཡིག་ཚགས་ཀྱི་ནང་དོན་རྦད་དེ་གཅིག་མཐུན་ཡོང་བར་འགན་ལེན་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།