ལོ་ངོ་སྟོང་གི་སྲོལ་རྒྱུན་རིག་གནས་ལ། དུས་རབས་གསར་པའི་གསོན་ཤུགས་གསར་པ་རྒྱས།
འཕྱོངས་རྒྱས་རྫོང་གིས“ལོ་ངོ་དྲུག་ཅུའི་བོད་འབྱུང་འཕོ་འགྱུར་ལས། འཕྱོངས་རྒྱས་ཡུལ་ནས་ངོ་མཚར་གསང་བ་འཚོལ”ཞེས་པའི་སྨྱན་སྦྱོར་གྱིས་དམངས་ཀྱི་ཉམས་སྣང་འཚོལ་བསྡུ་བྱེད་པའི་བྱེད་སྒོར་བརྟེན་ནས་རིག་གནས་དང་ཡུལ་སྐོར་ཐོན་ལས་ལ་མཐུན་རྐྱེན་སྦྱར་བ།
འདི་ནི་དམངས་ཀྱི་ཉམས་སྣང་འཚོལ་བསྡུའི་བྱེད་སྒོའི་དར་ཆ་སྤྲོད་བཞིན་པ།
འདི་ནི་དྲ་རྒྱའི་བརྡར་པས་འཕྱོངས་རྒྱས་རྫོང་ནས་ཆང་བཟོ་གྲྭར་ལྟ་སྐོར་དང་བརྙན་ལེན་བྱེད་པ་དང་འབྲེལ་རྒྱ་ཆེའི་དྲ་གྲོགས་ཚོར་ཐོན་རྫས་འོས་སྦྱོར་བྱེད་བཞིན་པ།
འདི་ནི་དྲ་རྒྱའི་བརྡར་པས་ཆང་ཁྱིམ་གཞིས་ཀ་བརྙན་ལེན་བཞིན་པ།
འདི་ནི་དྲ་རྒྱའི་བརྡར་པས་ཆང་ཁྱིམ་གྲོང་ཚོའི་ཡུལ་མི་དང་མཉམ་འགུལ་འཁྲུག་པོ་བྱེད་བཞིན་པ།
འདི་ནི་དྲ་རྒྱའི་བརྡར་པས་འཕྱོངས་རྒྱས་ཟླ་བ་སྒྲོལ་མའི་གྱོན་ཆས་སུ་གྲགས་པའི་སྲོལ་རྒྱུན་གྱོན་ཆས་བརྙན་ལེན་བཞིན་པ།
འདི་ནི་དྲ་རྒྱའི་བརྡར་པས་སྲོལ་རྒྱུན་གྱི་བོད་རུམ་འཐག་ཁྲི་བརྙན་ལེན་བཞིན་པ།
འདི་ནི་དྲ་རྒྱའི་བརྡར་པས་རྒྱ་ཆེའི་དྲ་གྲོགས་ཚོར་འཕྱོངས་རྒྱས་རྫོང་གི་ཞིང་སྡེའི་ཡུལ་ལྗོངས་སྟོན་བཞིན་པ།
ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་བའི་མཚམས་སུ། “ལོ་ངོ་དྲུག་ཅུའི་བོད་འབྱུང་འཕོ་འགྱུར་ལས། འཕྱོངས་རྒྱས་ཡུལ་ནས་ངོ་མཚར་གསང་བ་འཚོལ”ཞེས་པའི་སྨྱན་སྦྱོར་གྱིས་དམངས་ཀྱི་ཉམས་སྣང་འཚོལ་བསྡུ་བྱེད་པའི་བྱེད་སྒོ་ལོ་ངོ་སྟོང་གི་ཤེས་དཔལ་གྱི་ལོ་རྒྱུས་ལྡན་པའི་འཕྱོངས་རྒྱས་རྫོང་དུ་དངོས་སུ་སྤེལ་འགོ་ཚུགས།
ལྗོངས་ཡོངས་ཀྱི་གཙོ་རྒྱུན་སྨྱན་སྦྱོར་གྱི་གསར་འགོད་པ་དང་དྲ་རྒྱའི་བརྡར་པ་གྲགས་ཅན་30ལྷག་ཙམ་དེ་གར་འཛོམས་ཏེ“སྨྱན་སྦྱོར་དང་རིག་གནས་ཡུལ་སྐོར་ཟུང་དུ་འབྲེལ་བའི”བྱ་ཐབས་ལ་བརྟེན་ནས་བོད་ཀྱི་རིག་གནས་འབྱུང་གནས་ཀྱི་དམིགས་བསལ་ཡིད་དབང་འཕྲོག་ཤུགས་སྔོག་འདོན་གཏིང་ཟབ་དང་། འཕྱོངས་རྒྱས་རྫོང་གི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་པར་བྱས་ནས། ལོ་རྒྱུས་དང་དོན་དངོས་ལ་ཁྱབ་པ་དང་། རིག་གནས་རྒྱུན་འཛིན་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་འདྲེས་ཤེས་རྟོགས་གཏིང་ཟབ་བྱེད་པའི་འགྲུལ་བཞུད་ཅིག་བྱེད་འགོ་ཚུགས།
དམངས་ཀྱི་ཉམས་སྣང་འཚོལ་བསྡུ་ཚོགས་པ་དང་བཅས་པ་སྔ་རྗེས་སུ་ཆང་ཁྱིམ་གཞིས་ཀ་དང་། བཙན་པོའི་བང་སོ། ཟླ་བ་སྒྲོལ་མའི་གནས་རྙིང་། དེ་བཞིན་འཕྱིང་བ་སྟག་རྩེའི་རྗེས་ཤུལ་སོགས་སུ་བཅར་འདྲིར་བསྐྱོད་ནས། ལོ་རྒྱུས་ཀྱི་རྗེས་ཤུལ་རེ་རེ་ལས་མངོན་པའི་འོད་སྟོང་འཕྲོ་བའི་ཤེས་དཔལ་ཉམས་སུ་མྱངས།
འཕྱོངས་རྒྱས་རྫོང་གི་ཉར་ཚགས་ཡག་ཤོས་ཀྱི་སྲོལ་རྒྱུན་གཞིས་ཀ་ཡིན་པའི་ཆང་ཁྱིམ་གཞིས་ཀ་ལས་བོད་བཟོའི་ཐུན་མོང་མ་ཡིན་པའི་བཟོ་བཀོད་མངོན་པ་མ་ཟད། དེ་གར་ད་དུང་ཉེ་རབས་བོད་ཀྱི་སྤྱི་ཚོཌ་ཐོན་སྐྱེད་དང་འཚོ་བའི་དངོས་པོ་འབོར་ཆེན་བཤམས་ཡོད། “གདུང་མ་རེ་རེ་དང་འགྲེམས་པང་རེ་རེ་ལས་ལོ་རྒྱུས་གསལ་ལེར་མངོན་པ་དཔེར་ན། ནས་བརྔ་བསྡུའི་རི་མོ་དེ་ད་ཆའི་འཕྱོངས་རྒྱས་ཀྱི་རྨོ་འདེབས་རྣམ་པ་དང་ཡོངས་སུ་མཐུན་ཞིང་། དེ་ཐོག་ནས་རིག་གནས་རྒྱུན་འཛིན་མཚམས་འཇོག་གཏན་ནས་བྱེད་མི་མྱོང་བ་ཤེས་ཐུབ”ཅེས་ཀྲང་ཡུས་ལུན་གྱིས་པར་རྒྱག་ཞོར་ཐད་གཏོང་ཁང་གི་དྲ་གྲོགས་ལ་ངོ་སྤྲོད་བྱས།
ཆང་ཁྱིམ་གཞིས་ཀ་ནས་ཁ་བྲལ་རྗེས་དམངས་ཀྱི་ཉམས་སྣང་འཚོལ་བསྡུ་ཚོགས་པ་ཆང་ཁྱིམ་གྲོང་ཚོའི་ནས་ཆང་བཟོ་གྲྭར་བསྐྱོད། དེ་གར་ཡོད་པའི་གནའ་བོའི་ཆང་སྙོལ་ཆས་དང་། ཞིབ་ཅིང་ཕྲ་བའི་ཆང་སྙོལ་སྟངས་སྐོར་གྱི་རི་མོ། དེ་བཞིན་རྒྱལ་རབས་རིམ་བྱུང་གི་ཉར་ཚགས་དངོས་རྫས་ཆང་སྣོད་བཅས་ལས་ཚང་མར“ནས་ཀྱི་རིག་གནས”ཀྱི་དོན་སྙིང་ཟབ་མོ་གང་ལེགས་ཚོར་ཡོད།
“ད་ཐེངས་དམངས་ཀྱི་ཉམས་སྣང་འཚོལ་བསྡུ་ནི་འཕྱོངས་རྒྱས་རྫོང་གིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ང་ཚོས་སྨྱན་སྦྱོར་དང་དྲ་རྒྱའི་བརྡར་པའི་མཐོང་སྣང་ལ་བརྟེན་ནས་མི་དེ་བས་མང་བས་འཕྱོངས་རྒྱས་ཀྱི་ལོ་རྒྱུས་ཀྱི་ནང་དོན་དང་། སྐྱེ་ཁམས་ཀྱི་མཛེས་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་བཅས་ཤེས་རྟོགས་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་འཕྱོངས་རྒྱས་རྫོང་དྲ་དཔྱད་ལྟེ་གནས་ཀྱི་འགན་འཁུར་བ་ཐེན་ཡུས་ལུའུ་ཡིས་བཤད།
འབྲེལ་ཡོད་གསར་འགྱུར།