དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀུའེ་ཀྲོའུ་ཡིས་གྲངས་འཛིན་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་དང་ལེགས་སུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   མ་གཡོད་ཧྥེང་། ཧོང་ཞན། སུའུ་པིན།   |     སྤེལ་དུས།  2025-09-05

    གྲངས་གཞི་ཁག་གསུམ་ལས་ཀུའེ་ཀྲོའུ་ཡིས་གྲངས་འཛིན་དཔལ་འབྱོར་གྱི་གོ་སྐབས་གསར་པར་དམ་འཛིན་བྱེད་པར་རྒྱུན་མཐུད་འབད་བརྩོན་བྱས་པ་བདེན་དཔང་ཐུབ་པ་སྟེ།

    མིའི་རིགས་ཀྱིས་མིག་བཙུམ་ཐེངས་རེ་ལ་ཧའོ་སྐར་ཆ་100ནས་400བར་དགོས་ཀྱི་ཡོད། འོན་ཀྱང་ཀུའེ་ཀྲོའུ་ཀུའེ་དབྱང་ནས་ཀོང་ཏུང་ཀོང་ཀྲོའུ་བར་དུ་གྲངས་གཞི་བརྒྱུད་གཏོང་བྱེད་པར་ཧའོ་སྐར་ཆ་10ལས་དགོས་ཀྱི་མེད།

    གཙོ་གནད་ཐོན་ལས་24ལ་དཔེ་དབྱིབས་ཆེ་གྲས་ཀྱི་ཉེར་སྤྱོད་རྣམ་པ་100ཙམ་བཏོད་པ་དང་འབྱུང་འགྱུར་ལོ་གསུམ་ནང་ད་དུང་500ཡན་གསར་དུ་འཕར་རྒྱུ་རེད།

    2024ལོར་ཞིང་ཆེན་ཡོངས་ཀྱི་མཉེན་ཆས་དང་ཆ་འཕྲིན་ལག་རྩལ་ཞབས་ཞུའི་ལས་རིགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་པ་དང་གྲངས་འཛིན་དཔལ་འབྱོར་འཕར་ཚད་ལོ་9བསྟུད་མར་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    2021ལོའི་ཟླ་2པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུའེ་ཀྲོའུ་རུ་རྟོག་ཞིབ་གནང་བར་ཕེབས་ནས་ཀུའེ་ཀྲོའུ་ཡིས“གྲངས་འཛིན་དཔལ་འབྱོར་འཐབ་ཇུས་ལག་བསྟར་བྱེད་པའི་ཐད་གོ་སྐབས་གསར་པ་དམ་འཛིན་བྱེད་དགོས་པའི”ཐུགས་རེ་གནང་བ་རེད། འདི་ལོའི་ཟླ་3པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀུའེ་ཀྲོའུ་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས“གྲངས་འཛིན་དཔལ་འབྱོར་དང་ནུས་རྒྱུ་གསར་པ་སོགས་ཀྱི་ཐོན་ལས་སྟོབས་ཆེར་དང་ལེགས་སུ་གཏོང་དགོས”ཞེས་བསྟན་གནང་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཀུའེ་ཀྲོའུ་ཡིས་རྩིས་ནུས་དང་། གྲངས་གཞི། ཉེར་སྤྱོད། ཐོན་ལས་བཅས་ལ་དམིགས་ནས་གྲངས་འཛིན་དཔལ་འབྱོར་རྒྱུན་མཐུད་སྟོབས་ཆེར་དང་ལེགས་སུ་གཏོང་བ་དང་སྤུས་ཚད་མཐོ་པོས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གསར་གཏོད་ཁུལ་འཛུགས་སྐྲུན་བྱས་ཏེ། གྲངས་འཛིན་གྲངས་རིག་གིས་མཐུན་རྐྱེན་སྦྱོར་བ་ལས་སྤྱི་ཚོགས་བཅོས་སྐྱོང་དང་། འཚོ་བའི་ཞབས་ཞུ། ཐོན་ལས་རིམ་སྤོར་བཅས་ལ་སྣེ་ཁྲིད་དང་འདེགས་སྐྱོར་བྱེད་ཟབ་ཏུ་བཏང་ཡོད།

    གྲངས་གཞི་མཁོ་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲངས་གཞིའི་རིན་ཐང་སྐུལ་སྤེལ་བྱས་པ།

    ཟླ་7པའི་ཟླ་མཇུག་ཏུ། ཤིང་དབྱི་གྲོང་ཁྱེར་ཝན་ཧྥེང་ལིན་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིའི་ལྟེ་བའི་གྲངས་གཞིའི་གཙོ་རྒྱུ་45ཀུའེ་དབྱང་གྲངས་གཞི་ཆེན་པོའི་ཉོ་ཚོང་ཁང་དང་ཀུའེ་ཀྲོའུ་ཞིང་ཆེན་གྲངས་གཞིའི་ཤེས་བྱའི་ཐོན་དབང་ཐོ་འགོད་ལས་སྟེགས་སུ་ཐོ་འགོད་གཉིས་ཀྱི་ཁས་ལེན་དཔང་འདོན་ལེགས་གྲུབ་བྱུང་ཡོད།

    “ཐོ་འགོད་གཉིས་ནི་གྲངས་གཞིར‘ཐོབ་ཐང་ལག་ཁྱེར’དང‘ཡིད་རྟོན་ལག་ཁྱེར’བཟོས་ཏེ་ཞབས་ཞུའི་འཕྲུལ་འཁོར་ནང‘ལུས’པའི་གྲངས་གཞི་དག་རྒྱུ་ནོར་དུ་འགྱུར་བ་བྱས་ཏེ་ཁེ་ལས་ཀྱིས་མ་རྩ་བསྡུ་སྒྲིལ་བྱེད་པར་སྲོལ་རྒྱུན་གྱི་གཏའ་འཇོག་དངོས་པོར་བརྟེན་མི་དགོས་པར་ཟེར”ཞེས་ཀུའེ་དབྱང་གྲངས་གཞི་ཆེན་པོའི་ཉོ་ཚོང་ཁང་གི་ཏུང་ཧྲི་ཀྲང་ཁྲེན་ཝུའེ་ཡིས་དཔེར་བཞག་ནས་བཤད།

    གྲངས་གཞིའི་རིན་ཐང་ཆེ་རུ་བཏང་སྟེ། ཀུའེ་ཀྲོའུ་ཡིས་གྲངས་གཞི་ཁྲོམ་ར་ཅན་གྱི་ཐབས་ལམ་མགྱོགས་མྱུར་འཚོལ་ཞིབ་བྱས་ནས་གྲངས་གཞིའི་དབང་ཆ་གཏན་འཁེལ་དང་། ཉོ་ཚོང་བྱེད་སྟངས། ཁྲོམ་རའི་རིན་གོང་གཏན་འཁེལ་བཅས་དང་། དེ་བཞིན་ཁེ་སྤོགས་བྱེད་སྟངས་སོགས་ཀྱི་ཐད་སྔོན་ལ་ཚོད་ལྟ་བྱས་པ་རེད། ཀུའེ་དབྱང་གྲངས་གཞི་ཆེན་པོའི་ཉོ་ཚོང་ཁང་གིས་རིམ་རྩིས་བརྒྱབ་ན་ཉོ་ཚོང་ཐེངས་5122ལེགས་སྒྲུབ་དང་། གྲངས་གཞིའི་ཚོང་པ་1011བཅའ་སྡོད། ཐོན་རྫས་2677འཚོང་བ་བཅས་བྱས་པ་རེད།

    རྒྱལ་ཁབ་ཀྱི་སྤྱི་པའི་གྲངས་གཞི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཚོད་ལྟའི་ས་ཁུལ་ཁག་དང་པོ་ཡིན་པའི་ཀུའེ་ཀྲོའུ་ཡིས་ད་དུང་སྤྱི་པའི་གྲངས་གཞི་སྒོ་མོ་འབྱེད་ཤུགས་ཆེ་རུ་བཏང་ནས་གློག་ཤུགས་དང་གནམ་གཤིས་སོགས་ཁྱབ་ཁོངས་སུ་གྲངས་གཞིའི་ཐོན་ཁུངས་104ཐོ་འགོད་བྱས་པ་དང་། དངུལ་རྩའི་ཉེན་ཁ་ཚོད་འཛིན་དང་གཉེན་སྒྲིག་གནས་ཚུལ་ཞིབ་བཤེར་སོགས་གྲངས་གཞིའི་ཐོན་རྫས་19དྲ་ཐོག་ཏུ་འཁོར་སྐྱོད་བྱས་པ་རེད།

    ཉེར་སྤྱོད་རྣམ་པ་ཕུན་སུམ་ཚོགས་སུ་བཏང་ནས་གྲངས་རིག་གིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ།

    སྐར་ཆ་25ལས་མ་འགོར་བར་བཟོས་པའི་འགྱིག་འཁོར་དག་ཀུའེ་ཀྲོའུ་འགྱིག་འཁོར་མ་རྐང་ཚད་ཡོད་ཀུང་སིའི་འཁོར་ཁང་ནས་རང་འགུལ་དབོར་འདྲེན་རླངས་འཁོར་གྱིས་དབོར་འདྲེན་བྱེད་བཞིན་ཡོད།

    “རིག་ནུས་ཐོན་སྐྱེད་ཀྱིས་ཐོན་རྫས་ཀྱི་སྤུས་ཚད་གནད་དོན་57%ཉུང་དུ་དང་མཛོད་ཉར་བྱེད་ཚད་34%ཉུང་དུ་བཏང་ཡོད”ཅེས་ཀུའེ་ཀྲོའུ་འགྱིག་འཁོར་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཧན་ཧུང་ཁྲོན་གྱིས་བཤད།

    ཀུའེ་ཀྲོའུ་ཡིས་བཟོ་ལས་དང་། ཡུལ་སྐོར། ཞིང་ལས་སོགས་ཁྱབ་ཁོངས་ཀྱི“འཇུག་སྒོ་ཆུང་ངུའི”གནད་དོན་ཐག་གཅོད་བྱས་ཏེ། “AIདང་ལས་རིགས”ཟུང་འབྲེལ་གྱི་རྣམ་པ་མགྱོགས་མྱུར་བཏོད་ནས། 2027ལོར་སླེབས་སྐབས་དཔེ་དབྱིབས་ཆེ་གྲས་ཀྱི་བཀོལ་སྤྱོད་རྣམ་པ་500ཡན་གཏོད་རྒྱུར་བརྩོན་ལེན་བྱས་ཏེ། ཀུའེ་ཀྲོའུ་ཡི་ཁྱད་ལྡན་མི་ཐབས་རིག་ནུས་ཐོན་ལས་ཀྱི་རྣམ་པའི་འཁོར་འབྲེལ་རགས་ཙམ་འཛུགས་རྒྱུ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས། ཀུའེ་ཀྲོའུ་ཡིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་དམིགས་ཚད་དང་ལས་འགན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཏེ། འཕྲད་པའི་དུས་བབ་གསར་པ་དང་འགྲན་སློང་གསར་པར་ངོས་འཛིན་ཁ་གསལ་གྱིས་རྒྱང་ཇུས་ཉེ་བསྟར་དང་གོམ་སྟབས་རེ་རེ་བཞིན་སྐུལ་འདེད་བཏང་ནས། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལོ་ལྟར་ཚད་བརྒལ་གསར་པ་ཡོང་བ་དང་ལོ་གསུམ་རིང་སྐས་རིམ་གསར་པར་སླེབས་རྒྱུའི་འགན་ལེན་བྱ་རྒྱུ་ཡིན”ཞེས་ཀུའེ་ཀྲོའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞུས་ལིན་གྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།