དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དངོས་སྒྲུབ་ལ་བརྟེན་ནས་ཚྭ་མཚོའི་ཐོན་ལས“འཁོར་འབྲེལ”ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-05

    མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིར་བཟུང་། ཉིན་ཤས་གོང་། གསར་འགོད་པ་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་བཟོ་ལས་གླིང་དུ་གནས་པའི་མཚོ་སྔོན་གོ་ཡོན་རྫས་འགྱུར་བཟོ་ལས་ཚན་རྩལ་ཚད་ཡོད་ཀུང་སིར(གཤམ་དུ“མཚོ་སྔོན་གོ་ཡོན་རྫས་བཟོ”ཞེས་བསྡུ་རྒྱུ)སྐྱོད་སྐབས། ཐོན་སྐྱེད་འཁོར་ཁང་ཁོངས་གཏོགས་ཀྱི་ཐོག་སོ་བཞི་ལྡན་གྱི་བཟོ་སྐྲུན་དེ་གཞན་དང་མི་འདྲ་བའི་མངོན་གསལ་དོད་པ་ཞིག་ཡོད་ཅིང་། བཟོ་པ་ཚོས་དེའི་ནང་མཐོ་འཛེགས་ལས་སྒྲུབ་ལས་སྟེགས་ཐོག་མདོང་ལམ་ལ་ཚ་ལ་རྒྱག་བཞིན་ཡོད་པ་མཐོང་བྱུང་།

    མཚོ་སྔོན་གོ་ཡོན་རྫས་བཟོ་2019ལོར་གཏེར་ལེན་ཁ་རུ་བཙུགས་པ་དང་སྐམ་ས་ཆེན་པོའི་ཕུགས་རེ་ཚོགས་པའི་ཁོངས་གཏོགས་ཀྱི་ཁེ་ལས་ཤིག་ཡིན་པའི་ཀུང་སི་དེས་མཚོ་ནུབ་ཚྭ་མཚོའི་ཐོན་ཁུངས་ལ་བརྟེན་ནས། ཉེ་བའི་ལོ་ཤས་རིང་ཚྭ་མཚོའི་ཁིལ་སྐྱུར་ཚྭའི་ཐོན་ལས་འཁོར་འབྲེལ་ཁོངས་གཏོགས་ཀྱི་ལས་སྒོ་ཧུར་ཐག་གཉེར་བས། མིག་སྔར་ཐོན་རྫས་ལ་ཁིལ་སྐྱུར་ནཱ་དང་། ཁིལ་མཐོ་སྐྱུར་ཅཱ། ཁིལ་མཐོ་སྐྱུར་ནཱ་སོགས་ཚུད་ཡོད།

    ཀུང་སིའི་ཕྱོགས་བསྡུས་པུའུ་ཡི་ཅིང་ལི་སི་ཞུའེ་ཕིན་གྱིས“ལོ་རེར་ཁིལ་མཐོ་སྐྱུར་ཅཱ་ཏུན་ཁྲི་3ཐོན་པའི་རྣམ་གྲངས་ད་ལོའི་ཟླ་4པར་སྐྲུན་འགོ་ཚུགས་པ་དང་། མིག་སྔར་ལས་གྲྭའི་ཚད་གཞི་80%ལེགས་གྲུབ་ཟིན་ཡོད། ‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་། ང་ཚོས་ད་དུང་ལོ་རེར་ཁིལ་སྐྱུར་ནཱ་ཏུན་ཁྲི་12དང་ཨན་གྱི་གཤེར་ཁུ་ཏུན་ཁྲི་6ཐོན་པའི་རྣམ་གྲངས་འཛུགས་སྐྲུན་བྱ་རྒྱུ་ཡིན”ཞེས་བཤད།

    ལོ་རེར་ཁིལ་མཐོ་སྐྱུར་ཅཱ་ཏུན་ཁྲི་3ཐོན་པའི་ཐོན་སྐྱེད་འཁོར་ཁང་གཙོ་བོར་སླེབས་སྐབས་དེའི་ནང་འཕྲུལ་ཆས་ཀྱི་ལྡིར་སྒྲ་དང་ཚ་ལ་རྒྱག་པའི་མེ་སྟག་ལས་བྲེལ་འཚུབ་ཀྱི་རྣམ་པ་མངོན། རྣམ་གྲངས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་བའི་ཐད་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བཞིན་ཡོད། ཀུང་སིའི་ཐོན་སྐྱེད་ལག་རྩལ་པུའི་ཅིང་ལི་ཀྲུའུ་ཝུའེ་ཡིས་ཚོགས་པའི་སྣེ་ཁྲིད་དེ་འཁོར་ཁང་ནང་སྐྱོད་ནས་འཛུགས་སྐྲུན་གྱི་ཞིབ་ཕྲའི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་པ་དང་རྣམ་གྲངས་ཀྱི་འཕེལ་རིམ་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད།

    ཀྲུའུ་ཝུའེ་ཡིས“ཁིལ་མཐོ་སྐྱུར་ཅཱ་ནི་དབྱང་འགྱུར་སྐུལ་རྫས་དྲག་པོ་ཞིག་ཡིན་པའི་ངོས་ནས་འཇིག་རྟེན་འཕུར་སྐྱོད་དང་། ཤོག་སྦག སྨན་དང་སྨན་རྫས་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཁྱབ་ཏུ་བེད་སྤྱོད་བྱེད་ཀྱི་ཡོད། དེ་སྲོལ་རྒྱུན་གྱི་ཁིལ་སྐྱུར་ཅཱ་ལས་ངོ་བོ་བརྟན་པས་ལས་རིགས་ཀྱི་རྫས་སྣ་གཞན་གྱི་ཚབ་བྱེད་ཀྱི་ནུས་པ་མངོན་གསལ་དོད་པོ་ཡོད”ཅེས་བཤད།

    ཀྲུའུ་ཝུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དེ་བས་དོ་ཁུར་བྱེད་འོས་པ་ཞིག་ནི་ལོ་རེར་ཁིལ་མཐོ་སྐྱུར་ཅཱ་ཏུན་ཁྲི་3ཐོན་པའི་རྣམ་གྲངས་ཁྲོད་མཚོ་སྔོན་གོ་ཡོན་རྫས་བཟོས་གསར་གཏོད་ཁྲིད་སྟོན་དུ་བྱས་ནས་ལས་རིགས་ཀྱི་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་པ་དང་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། “ཁིལ་སྐྱུར་ནཱ་དང་། ཁིལ་མཐོ་སྐྱུར་ནཱ། ཁིལ་མཐོ་སྐྱུར་ཅཱ”བཅས་མཉམ་འབྲེལ་ཐོན་སྐྱེད་བཟོ་རྩལ་གྱི་ལམ་བུ་ཞིག་གྲུབ་འབྲས་ཐོབ་པའི་ངང་ཞིབ་འཇུག་གསར་སྤེལ་བྱས་ཡོད། གསར་གཏོད་དང་ཚད་བརྒལ་འདིས་ཁེ་ལས་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་མ་ཟད། ལས་རིགས་ལ་ལས་ཆོད་ཆེ་ཞིང་ཁོར་ཡུག་སྲུང་སྐྱོང་གི་ཐོན་སྐྱེད་ཐབས་ལམ་གསར་རྐྱང་ཞིག་བཏོད་ནས་ཚན་རྩལ་གསར་གཏོད་ཀྱི་ཚད་ཤིང་ཞིག་བཙུགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།