དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • བོད་རང་སྐྱོང་ལྗོངས་ཀྱིས་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱི་ལྗང་མདོག་ཕྱོགས་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་བ།

    2024ལོའི་ལོ་མཇུག་བར་ཤོག་སྒམ་ཁྲི་625.33ཚུར་བསྡུ་དང་བསྐྱར་སྤྱོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-05

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་བོད་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ཕན་ལོ་ཤས་རིང་། བོད་ལྗོངས་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་མྱུར་སྐྱེལ་ཐུམ་སྒྲིལ་གྱི“ལྗང་མདོག་གསར་བརྗེར”མུ་མཐུད་སྐུལ་འདེད་བཏང་ཞིང་། 2024ལོའི་ལོ་མཇུག་བར། བོད་ཀྱིས་ཤོག་སྒམ་ཁྲི་625.33ཚུར་བསྡུ་དང་བསྐྱར་སྤྱོད་བྱས་པ་དང་། ཐུམ་སྒྲིལ་གྱི་བེད་མེད་དངོས་པོ་ཚུར་བསྡུའི་ས་ཚིགས་1207བཀོད་སྒྲིག་བྱས་པས་ལྗང་མདོག་བཅོས་སྐྱོང་ལས་དོན་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོ་ཚུན། བོད་རང་སྐྱོང་ལྗོངས་ཀྱི་ལྕི་བའི་ལྕགས་རིགས་དང་དེ་བཞིན་དམིགས་བསལ་དངོས་པོའི་ཚད་བརྒལ་ཐུམ་སྒྲིལ་ཁུག་མའི་མཛོད་ཉར་མེད་པར་བཟོས་པ་དང་། ཚད་གཞི་དང་འཚམ་པའི་ཐུམ་སྒྲིལ་རྒྱུ་ཆ་ཉོ་སྒྲུབ་དང་བེད་སྤྱོད་ཀྱི་བསྡུར་ཚད་95%བར་བརྟན་པོ་བྱུང་བ། ཐུམ་འཇུག་ཚད་ལྡན་དུ་གཏོང་ཚད་95%ཟིན་པ། དྲ་ཚོང་མྱུར་སྐྱེལ་དངོས་ཟོག་ལ་ཐུམ་སྒྲིལ་ཐེངས་གཉིས་པ་མི་བྱེད་པའི་ཚད་གཞི་93.92%བར་མཐོ་རུ་ཕྱིན་ཡོད། 2023ལོར་བོད་རང་སྐྱོང་ལྗོངས་སྦྲག་སྲིད་དོ་དམ་ཅུས་ཀྱིས་སྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཚན་དང་མཉམ་དུ་ཆེད་དོན་ཞིབ་བཤེར་ཚོགས་ཆུང་བཙུགས་ནས་སྦྲག་སྲིད་དང་། ཧྲུན་ཧྥེང་། ཀྲུང་ཐུང་། ཡུན་ཏ་སོགས་སྤུས་རྟགས་ཁེ་ལས་སུ་བསྐྱོད་དེ་ས་གནས་ས་ཐོག་ཏུ་ལམ་ལུགས་ཀྱི་རྩིས་ཁྲ་དང་། ཐུམ་སྒྲིལ་ཤོག་སྒམ། འགྱིག་རས་བེད་སྤྱོད་བཅས་ལ་ཟུར་བཤེར་བྱས་ནས། འགྱིག་ཤོག་གི་སྦགས་བཙོག་དང་དེ་བཞིན་ཐུམ་སྒྲིལ་བརྒྱབ་དྲགས་པའི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱས་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། བོད་ཀྱིས་ཕུགས་ཕན་གྱི་ལྟ་འདོམས་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། འཁོར་རྒྱུག་ཆོག་པའི་ཐུམ་སྒྲིལ་ཚད་ལྡན་ཅན་སྤྱོད་པར་སྐུལ་འདེད་བཏང་སྟེ། 2025ལོའི་ལོ་མཇུག་ཏུ་སླེབས་སྐབས། བོད་ཀྱི་སྤུས་རྟགས་གཙོ་བོའི་མྱུར་སྐྱེལ་ས་ཚིགས་ཀྱི་ལྗང་མདོག་ཚུར་བསྡུའི་སྒྲིག་ཆས་རྦད་དེ་ཁྱབ་པ་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ལས་རིགས་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།