《ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ》ཡི་དྲན་གསོའི་སྦྲག་རྟགས་འགྲེམས་སྤེལ་བྱས་པ།
ཟླ་9ཚེས་3ཉིན། ཀྲུང་གོ་སྦྲག་སྲིད་ཀྱིས《ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ》ཡི་དྲན་གསོའི་སྦྲག་རྟགས་ཆ་ཚང་1དང་རྐང་13དང་། ཆུང་གྲས་1འགྲེམས་སྤེལ་བྱས་པ་ཆ་ཚང་ལ་སྒོར་20.8རི་ཡི་ཡོད། དྲན་གསོའི་སྦྲག་རྟགས་ཆ་ཚང་འདི་ཀྲུང་གོའི་ལོ་14ཡི་རི་འགོག་དམག་འཁྲུག་གི་ལོ་རྒྱུས་ལམ་བུ་མཚོན་པ་གཙོ་རྐང་དུ་བྱས་པ་དང་། གཡུལ་འགྱེད་དང་འཐབ་འཛིང་གལ་ཆེན་འགྲེམས་སྟོན་གྱི་གཙོ་གནད་དུ་བྱས་པ། རི་འགོག་དམག་འཁྲུག་བརྗོད་གཞིར་བྱས་པའི་བརྐོས་བརྙན་མཚོན་ཚུལ་གཙོ་བོར་བྱས་པ། ལོ་རྒྱུས་ཀྱི་འདྲ་པར་སོགས་རྒྱབ་ལྗོངས་སུ་བྱས་ནས་བཟོས་པ་ཞིག་རེད། འདི་ནི་ཟླ་9ཚེས་3ཉིན་པེ་ཅིང་གྲོང་ཁྱེར་ཁྲའོ་དབྱང་ཆུས་སྦྲག་རྟགས་ཀུང་སིར་གྲོང་མི་ཞིག་གིས་རང་ཉིད་ཀྱིས་ཉོས་པའི་དྲན་གསོའི་སྦྲག་རྟགས་སྟོན་བཞིན་པ།
འབྲེལ་ཡོད་གསར་འགྱུར།