དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《ལས་དབང་གཅིག་མཐུན་ཕྱོགས་སུ་སྐྱོད། རི་འགོག་དམག་འཁྲུག་གི་སྙིང་སྟོབས་ནས་གོ་ལ་ཧྲིལ་པོའི་གྲོས་འགོའི་བར》གྱི་སྙན་ཞུ་པེ་ཅིང་དུ་ཡོངས་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-05

    《ལས་དབང་གཅིག་མཐུན་ཕྱོགས་སུ་སྐྱོད། རི་འགོག་དམག་འཁྲུག་གི་སྙིང་སྟོབས་ནས་གོ་ལ་ཧྲིལ་པོའི་གྲོས་འགོའི་བར》གྱི་སྙན་ཞུ་ཡོངས་བསྒྲགས་དང་བགྲོ་གླེང་ཚོགས་འདུ་ཚེས་2ཉིན་པེ་ཅིང་དུ་འཚོགས་པ་རེད། སྙན་ཞུ་དེ་གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར་དང་ཕྱི་འབྲེལ་སློབ་གླིང་གིས་མཉམ་འབྲེལ་ཐོག་ཡོངས་བསྒྲགས་བྱས་པ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་བསྟར་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པའི་མཐོང་ཟུར་ནས་འཛམ་གླིང་དམག་ཆེན་གཉིས་པས་གོ་ལ་ཧྲིལ་པོའི་སྒྲིག་ལམ་ལ་ཐེབས་པའི་ཤུགས་རྐྱེན་ཟབ་མོ་དང་དེ་བཞིན་འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཀྱིས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་བར་རྩ་ཆེའི་བློ་སྒོ་འབྱེད་པར་དབྱེ་ཞིབ་གཏིང་ཟབ་བྱས་ཡོད།

    མཉམ་འབྲེལ་སྙན་ཞུ་དེ“ཀྲུང་གོའི་རི་འགོག་དམག་འཁྲུག མིའི་རིགས་ཀྱིས་དྲང་གཞག་དྲང་བདེན་དོན་གཉེར་བྱེད་པའི་བརྗིད་ཉམས་ཆེ་བའི་ལག་ལེན”དང་། “དམག་འཁྲུག་རྗེས་ཀྱི་སྒྲིག་ལམ། མིའི་རིགས་ཐུན་མོང་གི་འབྱུང་འགྱུར་ཕྱོགས་སུ་སྐྱོད་པའི་ལམ་ལུགས་ཀྱི་འགན་ལེན”“འབྱུང་འགྱུར་ལ་ཕྱོགས་པ། ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པ”བཅས་ཁག་གསུམ་ལ་དབྱེ་ཡོད། མིའི་རིགས་ཀྱི་ཤེས་དཔལ་དང་། རྒྱལ་སྤྱིའི་བཅའ་ཁྲིམས། རྒྱལ་སྤྱིའི་སྒྲིག་ལམ་སོགས་ཀྱི་ཟུར་ཚད་ཐོག་ནས་རྒྱས་བཤད་གཏིང་ཟབ་བྱས་ཏེ། རི་འགོག་དམག་འཁྲུག་གི་སྙིང་སྟོབས་ཀྱི་སྟོབས་ཤུགས་རླབས་པོ་ཆེར་བསྐྱར་དྲན་བྱེད་པ་དང་། དམག་འཁྲུག་རྗེས་ཀྱི་སྒྲིག་ལམ་གྱི་འཕེལ་འགྱུར་ལ་ཞིབ་ལྟ་བྱེད་པ། འབྱུང་འགྱུར་འཛམ་གླིང་གི་འཕེལ་ཕྱོགས་ལ་བསམ་གཞིག་བྱས་ཡོད།

    ད་ལོའི་ཟླ་5པར་གོ་ལ་ཧྲིལ་པོའི་སྐབས་དོན་ཚགས་པར་དང་ཕྱི་འབྲེལ་སློབ་གླིང་དབར་འཐབ་ཇུས་མཉམ་ལས་ཀྱི་སྒྲོམ་གཞིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་དང་། མཉམ་འབྲེལ་སྙན་ཞུ་དེ“རིག་གཞུང་གིས་སྣེ་ཁྲིད་དང་སྨྱན་སྦྱོར་གྱིས་མཐུན་རྐྱེན་སྦྱོར་བའི”ཞིབ་ཕྲའི་ལག་ལེན་དངོས་ཀྱི་ངོས་ནས། དེ་ནི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་གྲུབ་འབྲས་གསར་ཤོས་ཤིག་ཡིན་ལ། རིག་མཛོད་དང་སྨྱན་སྦྱོར་གྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་མཐུན་སྦྱོར་ཞབས་འདེགས་ཞུ་བའི་རྣམ་པ་གསར་པ་དང་འཚོལ་ཞིབ་གསར་པ་ཞིག་ཀྱང་ཡིན་པ་དེས་སྨྱན་སྦྱོར་དང་རིག་མཛོད་དབར་གྱི་ལེགས་ཆ་གསབ་རེས་དང་མཉམ་འདྲེས་ཟབ་མོ་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཞིག་མངོན་གྱི་ཡོད། འབྱུང་འགྱུར་ཕྱོགས་གཉིས་པོས་མུ་མཐུད་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་གྲོས་གཞིར་དམིགས་པ་དང་། སྤྱི་པའི་ངོས་འཛིན་ལ་སྣེ་འདྲེན་བྱེད་པ། རྒྱལ་སྤྱིར་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་སྤུས་ཚད་མཐོ་བའི་གྲུབ་འབྲས་དེ་བས་མང་བ་ཐོན་པར་གཞོལ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།