ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དཔེ་སྟོན་ཁུལ་གྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཞན་དག་ལ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མགྱོགས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་བྱས་པ།
ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་དུ་གནས་པའི་ཀྲུང་གོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ས་གནས་དཔལ་འབྱོར་ཚོང་དོན་མཉམ་ལས་དཔེ་སྟོན་ཁུལ་གྱིས་ཕྱི་ཕྱོགས་ཚོང་དོན་ཐོན་ལས་ཚོ་འདུས་ཀྱི་ཕན་འབྲས་དང་རྒྱལ་སྒྲོལ་ཟོག་འགྲེམས་མྱུར་ལམ་གྱི་ལེགས་ཆ་ཧུར་ཐག་བཏོན་ནས་ཕྱིར་གཏོང་ནང་འདྲེན་གྱི་ཚོང་དོན་མགྱོགས་མྱུར་འཕར་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། འགག་སྒོ་ལས་ཁུངས་ཀྱི་བསྡོམས་རྩིས་ལ་གཞིགས་ན། ད་ལོའི་ཟླ་བ་དང་པོ་ནས་བདུན་པའི་བར། དཔེ་སྟོན་ཁུལ་དེས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་ཁོངས་མིའི་རྒྱལ་ཁབ་གཞན་དག་ལ་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་532.6བྱས་པ་དེ་དུས་མཚུངས་ལས་26.1%འཕར་ཡོད། དེའི་ནང་ཕྱིར་གཏོང་སྒོར་དུང་ཕྱུར་268.8ཟིན་ནས་21.5%འཕར་བ་དང་། ཁྱིམ་སྤྱོད་གློག་ཆས་དང་འཁེལ་འཐག་གྱོན་ཆས་རིགས་ཀྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཅུང་མང་པོ་ཡོད། འདི་ནི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དཔེ་སྟོན་ཁུལ་གྱི་གཞུང་ལམ་ཞིག་གི་ཐོག་ཟོག་འདྲེན་ལྗིད་ཐེག་རླངས་འཁོར་གྱིས་སྐྱེལ་འདྲེན་ལས་ལ་བྲེལ་བཞིན་པ།
འབྲེལ་ཡོད་གསར་འགྱུར།