དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • རི་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་གྲོང་ཁྱེར་ཧྲེང་པི་ཏེ་པའོ་རུ་གཉེར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-05

    ཉེ་ཆར། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་ཨུ་རུ་སུའི་གྲོང་ཁྱེར་ཧྲེང་པི་ཏེ་པའོ་རུ་གཉེར་བ་རེད། ད་ཐེངས་ཀྱི་འགྲེམས་སྟོན་གྱིས“ལོ་རྒྱུས་བརྟན་པོར་ངེས། འབྱུང་འགྱུར་གསར་དུ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ནས་རྩ་ཆེའི་ལོ་རྒྱུས་པར་རིས་60ཙམ་འགྲེམས་སྟོན་བྱས་ཏེ། ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་གི་དཀའ་ཚེགས་འབད་འཐབ་ཀྱི་བརྒྱུད་རིམ་དང་ཀྲུང་གོ་དང་སུའུ་ལེན་མི་དམངས་ལག་གདང་སྦྲེལ་ནས་ཧྥ་ཤི་སིའི་བཙན་འཛུལ་ལ་འགོག་རྒོལ་བྱེད་པའི་ལོ་རྒྱུས་ཀྱི་རྣམ་པ་གསོན་ཉམས་དོད་པོས་བསྐྱར་དུ་མངོན་ཡོད་པ་རེད། འདི་ནི་ཨུ་རུ་སུའི་གྲོང་ཁྱེར་ཧྲེང་པི་ཏེ་པའོ་རུ་སྐྱེས་པ་ཞིག་གིས་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་པར་རིས་འགྲེམས་སྟོན་ལ་ལྟ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།