དབུ་ཤོག>གསར་འགྱུར།>གསར་འགྱུར་པར་མཛོད།
  • ལོ་རྒྱུས་ལ་རྗེས་དྲན་ཞུས་ནས་མཛད་སྒོ་གཟབ་རྒྱས་ལ་མཉམ་དུ་བདེན་དཔང་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2025-09-04

    འདི་ནི་ཟླ་9ཚེས་3ཉིན་བོད་ཀྱི་འཐུས་མི་ཚོགས་པའི་ཁོངས་མིས་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དྲན་རྟེན་མཉམ་པར་རྒྱག་བཞིན་པ།

    ཟླ་9ཚེས་3ཉིན་ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་རེད། དེ་ཉིན་2025ལོའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པའི་བོད་ཀྱི་འཐུས་མི་ཚོགས་པའི་ཁོངས་མིས་མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་ཏེ་རྒྱལ་ཡོངས་ས་གནས་ཁག་གི་འཐུས་མི་དང་མཉམ་དུ་རྒྱལ་ཁབ་ཀྱི་མཛད་སྒོ་གཟབ་རྒྱས་དེར་བདེན་དཔང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་ལྟ་སྐོར་ཚོགས་པ་ནི་2024ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པའི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མི་སྒེར་དང་མཉམ་སྡེབ་ཀྱི་འཐུས་མི་ཡིན་པ་དང་། རང་རྒྱལ་གྱི་མི་རིགས་ཡར་ཐོན་བྱ་གཞག་ལ་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་མཁན་དཔེ་བཟང་འཐུས་མིའི་མི་རབས་རྗེས་མ་ལས་གྲུབ་པ་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།