འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དཔེ་དེབ་དང་ཚད་ལྡན་ཡིག་ཆའི་ཆེད་དོན་འགྲེམས་སྟོན་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའུ་རུ་གཉེར་བ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་དཔེ་དེབ་དང་ཚད་ལྡན་ཡིག་ཆའི་ཆེད་དོན་འགྲེམས་སྟོན་ཟླ་8ཚེས་27ཉིན་མཉམ་འབྲེལ་རྒྱལ་ཚོགས་ཏ་ཀེ·ཧ་མ་ཧྲེར་ཏེ་དཔེ་མཛོད་ཁང་དུ་གཉེར་ཞིང་། དེའི་དམིགས་ཡུལ་ནི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་ཞི་བདེར་གཅེས་སྤྲས་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ལོ་རྒྱུས་ལ་ཕྱིར་དྲན་དང་ཐུན་མོང་ཐོག་ཞི་བདེ་གླེང་བའི་སྤེལ་རེས་ཀྱི་འབྲེལ་ཟམ་ཞིག་བསྐྲུན་ཆེད་རེད།
འབྲེལ་ཡོད་གསར་འགྱུར།