དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གུང་སྐུ་ཚབ་ཚོགས་པས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་བ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-03

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། ཧ་སག་སི་ཐན་གྱི“ཨ་མཱ་ནཱ་ཐེ”ཏང་གི་གདན་ཞུས་ལྟར་ཀྲུང་གུང་ཀྲུང་དབྱང་གི་ཨུ་ཡོན་དང་མཚོ་སྔོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་སྣེ་ཁྲིད་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྐུ་ཚབ་ཚོགས་པས་ཧ་སག་སི་ཐན་ལ་འཚམས་འདྲི་གནང་ཞིང་། དེའི་རིང་ཧ་སག་སི་ཐན་དབྱི་ཧུའེ་གྲོས་ཚོགས་ཀྱི་གྲོས་ཁང་འོག་མའི་གྲོས་དཔོན་གཞོན་པ་ལཱ་ཝུའུ་དང་ཧ་སག་སི་ཐན་གྱི་སྲིད་ཏང་དང་ས་གནས་ཀྱི་འགོ་ཁྲིད་གཙོ་བོ་སོགས་དང་མཇལ་འཛོམས་གནང་བ་དང་། “ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན”གྱི་ཆེད་དོན་དྲིལ་བསྒྲགས་འོས་སྦྱོར་ཚོགས་འདུ་དང་། མཚོ་སྔོན་ཞིང་ཆེན་གྱི་དཔལ་འབྱོར་དང་། ཚོང་དོན། རིག་གནས། ཡུལ་སྐོར་བཅས་ཀྱི་ཆེད་དོན་འོས་སྦྱོར་འཚོགས་འདུར་ཞུགས་ནས་སྲིད་ཏང་དང་། མི་ཆོས་རིག་གནས། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པའི་ཐད་ཧ་སག་སི་ཐན་ཕྱོགས་དང་སྤེལ་རེས་གཏིང་ཟབ་གནང་བ་རེད།

    ཧ་སག་སི་ཐན་ཕྱོགས་ཀྱིས་རྒྱལ་སྐྱོང་སྲིད་འཛིན་གྱི་ཉམས་མྱོང་སྤེལ་རེས་དང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། ཧ་ཀྲུང་གི་ཡུན་རིང་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།