རྒྱལ་ཡོངས་ཀྱི་སྣུམ་རླངས་རྩད་གཅོད་གསར་སྤེལ་ལ་མ་ དངུལ་གཏོང་ཚད་མང་ཤོས་སུ་སླེབས་པ།
གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། སྣུམ་རླངས་རྩད་གཅོད་གསར་སྤེལ་བྱེད་ཤུགས་ཆེ་རུ་ཤུགས་ཆེན་གཏོང་བའི“ལོ་བདུན་གྱི་བྱ་སྤྱོད་འཆར་གཞི”ད་ལོ་མཇུག་བསྡུ་ཡི་ཡོད། ཉིན་ཤས་གོང་ཡོངས་བསྒྲགས་བྱས་པའི《ཀྲུང་གོའི་སྣུམ་རླངས་རྩད་གཅོད་གསར་སྤེལ་གྱི་འཕེལ་རྒྱས་སྙན་ཞུ་2025ལོ》ལས་མངོན་པར། “ལོ་བདུན་གྱི་བྱ་སྤྱོད་འཆར་གཞི”ལག་བསྟར་བྱེད་ཚད་སྔོན་དཔག་ལས་བརྒལ་ནས་སྣུམ་རླངས་ཀྱི་རང་ཚུགས་འགན་སྲུང་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།
སྟོད་རྒྱུད་དུ་མ་དངུལ་གཏོང་ཚད་མང་ཤོས་སུ་སླེབས་ཤིང་། 2024ལོར་རྒྱལ་ཡོངས་ཀྱི་སྣུམ་རླངས་རྩད་གཅོད་གསར་སྤེལ་ཐད་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་4000ལྷག་ཙམ་ཟིན་པའི་ནང་རྩད་གཅོད་ཐད་སྒོར་དུང་ཕྱུར་900ལྷག་ཙམ་དང་གསར་སྤེལ་ཐད་སྒོར་དུང་ཕྱུར་3100ཡན་བཏང་ཡོད། 2019ལོ་ནས་2024ལོའི་བར་རྒྱལ་ཡོངས་ཀྱི་སྣུམ་རླངས་རྩད་གཅོད་གསར་སྤེལ་ཐད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་ཁྲི་2.24བཏང་བ་དང་ལོའི་ཆ་སྙོམས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་3740ཟིན་པ་དེ་2018ལོ་ལས་48%འཕར་ཡོད།
རྩད་ཆོད་གསོག་ཚད་རྒྱུན་མཐུད་འཕར་ཞིང་། 2024ལོར་རྒྱལ་ཡོངས་རྡོ་སྣུམ་གྱི་གསར་དུ་འཕར་བའི་རྩད་ཆོད་ས་གཤིས་གསོག་ཚད་ལོ་6བསྟུད་མར་ཏུན་དུང་ཕྱུར་11ཡན་གྱི་འཕར་ཚད་གཞི་ཁྱོན་རྒྱུན་འཁྱོངས་ཐུབ་པ་དང་། རང་བྱུང་སོལ་རླངས་ཀྱི་གསར་དུ་འཕར་བའི་རྩད་ཆོད་ས་གཤིས་གསོག་ཚད“ལོ་བདུན་གྱི་བྱ་སྤྱོད་འཆར་གཞི”ལག་བསྟར་བྱས་ཚུན་གྱི་མཐོ་ཤོས་སུ་སླེབས་ཡོད། 2019ལོ་ནས་2024ལོའི་བར་རྒྱལ་ཡོངས་ཀྱི་ལོ་རེར་ཆ་སྙོམས་གསར་དུ་འཕར་བའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱི་རྩད་ཆོད་ས་གཤིས་གསོག་ཚད་2018ལོའི་ལྡབ་1.4དང་ལྡབ་1.5སོ་སོར་འཕར་ནས། གསོག་ཚད་ཀྱི་འཕར་ཚད་མཐོ་བའི་རྣམ་པ་གསར་པ་ཞིག་ཏུ་སླེབས་ཡོད།
འབྲེལ་ཡོད་གསར་འགྱུར།