དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་སྦྲག་སྲིད་ཀྱིས།

    《ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི》དྲན་གསོའི་སྦྲག་རྟགས་འགྲེམས་སྤེལ་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2025-09-03

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོ་སྦྲག་སྲིད་ཀྱིས་ཟླ་9ཚེས་3ཉིན《ཀྲུང་གོ་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བའི》དྲན་གསོའི་སྦྲག་རྟགས་ཆ་ཚང་1ནང་རྐང་13ཡོད་པ་དང་། ཆུང་གྲས་1འགྲེམས་སྤེལ་བྱ་རྒྱུ་ཡིན་པ་དང་ཆ་ཚང་རེར་སྒོར་20.8རི་ཡི་ཡོད། ཁྱོན་བསྡོམས་སྦྲག་རྟགས་ཆ་ཚང་ཁྲི་600དང་། ཆུང་གྲས་ཁྲི་500འགྲེམས་སྤེལ་བྱ་རྩིས་ཡོད་པ་རེད།

    དྲན་གསོའི་སྦྲག་རྟགས་ཆ་ཚང་དེས་དྲན་གསོའི་བྱེད་སྒོའི་བརྗོད་དོན་གཙོ་བོ་ཅུང་ལེགས་པའི་སྒོ་ནས་མངོན་པ་དང་། རི་འགོག་དམག་འཁྲུག་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་བ། སྒམ་ནན་ཆེ་ལ་ནང་དོན་ཟབ་པ། སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་དང་། ལོ་རྒྱུས་ཀྱི་མཚོན་ཚུལ་ནུས་པ། མཐོང་ཚོར་གྱི་ཤུགས་རྐྱེན་ཐེབས་ནུས་བཅས་དེ་བས་ལྡན་པས། ཀྲུང་གོའི་མི་དམངས་ཀྱིས་ལོ་14ཡི་དཀའ་སྤྱད་ཚད་མེད་ཀྱི་རི་འགོག་དམག་འཁྲུག་བྱས་པའི་ལོ་རྒྱུས་བརྒྱུད་རིམ་དེ་བས་ལེགས་པའི་སྒོ་ནས་མཚོན་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་སྲོག་ཤིང་ཀ་རྟེན་གྱི་ནུས་པ་དང་ཀྲུང་གོའི་རི་འགོག་དམག་འཁྲུག་གི་ཤར་ཕྱོགས་ཀྱི་འཐབ་ས་གཙོ་བོའི་གནས་བབ་དེ་བས་གསལ་པོར་མངོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།